ཨ་མེ་རི་ཀས་ཨེ་སི་ལམ་རྒྱལ་ཁབ་ལ་དཔུང་འཇུག་གསར་བ་བྱེད་རྒྱུར་གྲ་སྒྲིག་བྱེད་ཀྱིན་ཡོད་པ་རེད།

D8A2E92C-D3AC-44AD-A864-55521B9C9978_w443_h249ཨ་རིའི་སྲིད་འཛིན་ཨོ་བྷ་མས་དབུ་ཁྲིད་པའི་འཛིན་སྐྱོང་གཞུང་གིས་བཤད་རྒྱུར། ཨེ་སི་ལམ་རྒྱལ་ཁབ་ཀྱིས་རྩ་འཛུགས་བྱས་པའི་ཐལ་དྲགས་རིང་ལུགས་པས་ཨ་རིའི་གསར་འགོད་པ་ཧྥོ་ལེ་དམར་གསོད་བྱས་པ་དེ་ནི་ཨ་མེ་རི་ཀར་ཐད་གར་འཇིགས་སྐུལ་རྒོལ་རྡུང་བྱས་པ་ཡིན་ཞེས་དང་། ཕོ་བྲང་དཀར་པོའི་རྒྱལ་ཁབ་བདེ་འཇགས་བློ་འདོན་པ་གཞོན་པ་རོའོ་ཚི་ཡིས། དེ་ཚོས་ས་ཁུལ་དེ་དག་ན་ཡོད་པའི་ཨ་མེ་རི་ཀའི་ཁེ་ཕན་དང་། མི་སྣ་། སྒྲིག་ཆས་ལ་ཉེན་ཁ་བཟོ་བཞིན་པ་ང་ཚོས་མཐོང་སོང་། གསར་འགོད་པ་ཧྥོ་ལེ་དམར་གསོད་བྱས་པའི་གཏུམ་དྲག་གི་བྱ་སྤྱོད་དེ་ཁོང་མི་སྒེར་ལ་བརྙས་བཅོས་དང་རྒོལ་རྡུང་ཙམ་མིན་པར། དེ་མི་ཨ་མེ་རི་ཀར་རྒོལ་རྡུང་བྱས་པར་ངོས་འཛིན་བྱེད་ཀྱིན་ཡོད། ཨ་རི་མི་དམངས་སྲུང་སྐྱོབ་ཀྱི་ཆེད་དུ། ལྷག་པར་དུ་རྩ་འཛུགས་དེའི་སྤེལ་བའི་འཇིགས་སྐུལ་འདས་པའི་ཟླ་ལས་ལྡབ་འགྱུར་གྱིས་འཕར་ཡོད་པས། ཨ་མེ་རི་ཀས་ཨེ་སི་ལམ་རྒྱལ་ཁབ་ལ་དཔུང་འཇུག་གསར་བ་བྱེད་རྒྱུར་གྲ་སྒྲིག་བྱེད་ཀྱིན་ཡོད་ཅེས་བརྗོད་འདུག

འདས་པའི་ཟླ་དྲུག་གི་ནང་དུ། ཨེ་སི་ལམ་རྒྱལ་ཁབ་དྲག་ཆས་མི་སྣས་ཨེ་རག་གི་བྱང་ཕྱོགས་དང་སེ་རེ་ཡའི་ཤར་ཕྱོགས་ཀྱི་ས་ཁུལ་མང་ཆེ་བ་སྟངས་འཛིན་བྱས་ཡོད་པ་མ་ཟད། ཨེ་རག་དང་སེ་རེ་ཡའི་བར་རང་དབང་གིས་འགྲོ་འོང་བྱེད་ཀྱིན་པ་རེད།