ཧོང་ཀོང་གི་སློབ་མའི་ངོ་རྒོལ་ལས་འགུལ་གླེང་བ།

༄༅། །ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་༦༥འཁོར་བའི་སྐྱེས་སྐར་ དེ་ཧོང་ཀོང་མི་སེར་གྱི་ཚ་ཚ་འུར་འུར་དུ་འབར་གྱིན་པའི་བཀའ་གྱེན་ལྡོག་གི་ངོ་ རྒོལ་མེ་ལྕེ་ཁྲོད་བསུ་དགོས་པར་ཐུག་ཡོད་པ་དང་། ལོ་ངོ་༢༥འི་ཡར་སྔོན་དུ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་བཙུགས་ནས་ལོ་༤༠འཁོར་བའི་དགའ་སྟོན་གྱི་ སྐབས་སུའང་པེ་ཅིང་གནམ་བདེ་སྒོ་མོ་ཆེ་ཐང་ཆེན་དུ་དམངས་གཙོའི་ལས་འགུལ་ལངས་པ་ རེད།  སྐབས་དེ་དང་མཚུངས་པའི་སློབ་མ་གཙོ་བོར་གྱུར་བའི་ཐེངས་འདིའི་ཧོང་ཀོང་གི༼ཆར་ གདུགས་གསར་བརྗེ ༽འདི་དང་དེ་དུས་ཀྱི༼དྲུག་བཞི ༽ དོན་རྐྱེན་གཉིས་ལ་འདྲ་བའི་ཆ་དང་མི་འདྲ་བའི་ཆ་ག་ཚོད་ཡོད་པ་དང་། དེ་བཞིན། ལོ་ངོ་༥༥འི་ཡར་སྔོན་དུ། ལྷ་སའི་གྱེན་ལངས་ལ་ཁ་གཡར་ནས་རྒྱ་གཞུང་གིས་ལྷ་ས་ས་གནས་སྲིད་གཞུང་ཟེར་བ་སྒོ་ བརྒྱབས་པ་དེ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པར་ཕམ་ཁ་བྱུང་བ་རེད་དམ། ཡང་ན། ཆབ་སྲིད་ཀྱི་གཡོ་སྒྱུ་དེ་མཇུག་བསྡུས་པ་རེད། དེ་བཞིན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པ་དེ་ནི་གནས་སྐབས་ཀྱི་གནད་དོན་ གང་ཞིག་བཤོལ་འཇགས་ལ་དམིགས་པའི་ཆབ་སྲིད་གཡོ་ཐབས་ཤིག་ལས་ཡུན་གཏན་རིང་བཞིན་ཅན་ གྱི་ཆབ་སྲིད་རིགས་པ་ཞིག་མིན་པ་ལ་སོགས་པའི་ཐད། སྟག་ལྷ་རྒྱལ་གྱིས་འབྲེལ་ཡོད་མི་སྣ་དང་བགྲོ་གླེང་ཞུས་པར་གསན་རོགས་ཞུ༎