
བུ་མོ་མཱ་ལཱ་ལཱ་ནི་ནོ་བྷེལ་ཞི་བདེའི་གཟེངས་རྟགས་ཐོབ་མཁན་ལོ་ན་ཆུང་ཤོས་དེ་ཡིན་ལ། ད་ལྟ་ལོ་༡༧ཡིན། ཁོང་མོ་ཕྱི་ལོ་༢༠༡༣ལོའི་ནོ་བྷེལ་ཞི་བདེའི་གཟེངས་རྟགས་ཀྱི་འོས་མིའི་ཁྲོད་ཀྱི་ཀུན་གྱིས་དོ་སྣང་བྱེད་ཡུལ་གཙོ་བོ་དེ་ཡིན་ཡང་འདམ་ཐུབ་མེད།
མཱ་ལཱ་ལཱ་ཡི་ཕ་ཡུལ་ནི་པཱ་ཀི་སི་ཐན་ནུབ་བྱང་ཁུལ་ཡིན་ཞིང་། ཁོང་མོས་བུ་མོ་ཚོར་སློབ་གསོ་ཐོབ་རྒྱུའི་ལས་དོན་ལ་སྣེ་ཁྲིད་དང་དར་སྤེལ་གཏོབ་ཐབས་གནང་དང་གནང་མུས་སུ་ཡིན་ལ། ཕྱི་ལོ་༢༠༡༢ལོར་ཐཱ་ལེ་པན་གྱི་ཁོང་མོའ་མགོ་རུ་མེ་མདས་བརྒྱབས་ནས་རྨས་སྐྱོན་ཚབས་ཆེན་ཕོག་པ་རེད།
རྒྱ་གར་གྱི་་ལཱ་ཞི སཱ་ཏེར་ཏི་མཆོག་གིས་དེ་སྔོན་འཛམ་གླིང་ཡོངས་སུ་བྱིས་པ་བྲན་གཡོག་ལས་སྐྱོབ་པ་དང་གཏན་འགོག་གི་ལས་འགུལ་རྒྱ་ཆེན་སྤེལ་ནས་བྱིས་པའི་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་དང་སྲུབ་སྐྱོབ་ཆེད་འབད་བརྩོན་གནང་ཞིང་། ཁོང་གིས་རྒྱ་གར་དུ་འཛམ་གླིང་ཡོབས་སུ་བྱིས་པ་གཡོག་བཀོལ་གྱི་ལས་འགུལ་སྤེལ་ནས་བྱིས་པ་བཟོ་བ་སྟོང་ཕྲག་མང་པོ་བྲན་འོག་ནས་བསྐྱབས་པ་མ་ཟད། བྱིས་པ་དེ་དག་ལ་སློབ་གསོ་ཐོབ་རྒྱུའི་གོ་སྐབས་སྤྲད་པ་རེད།
ད་ལོའི་ནོ་བྷེལ་ཞི་བདེའི་གཟེངས་རྟགས་ལ་འོས་མི ༢༧༨ ཡོད་པ་དང་། ནོ་བྷེལ་ཞི་བདེའི་གཟེངས་རྟགས་ཀྱི་ལོ་རྒྱུས་སུ་འོས་མི་མང་ཤོས་ཀྱི་ལོ་དེ་ཡིན་པ་རེད།
ཕྱི་ལོ་༡༩༨༩ལོའི་ནོ་བྷེལ་ཞི་བདེའི་གཟེངས་རྟགས་དེ་༧སྤྱི་ནོར༧གོས་ས་རྒྱལ་བ་རིན་པོ་ཆེར་ཕུལ་བ་རེད།