སཱི་ཀོ་ཊི་ལནྡིའི་འོས་བསྡུ་ལས་བོད་མིར་བསླབ་བྱ་ལེན་རྒྱུ་ཡོད་དམ།

༄༅།    དབྱིན་ཇིའི་སཱི་ཀོ་ཊི་ལནྡི Scotland ས་ཁུལ་གྱི་མི་སེར་ས་ཡ་བཞི་ལྷག་གིས་ཕྱི་ཟླ ༠༩ ཚེས ༡༩ཉིན། སཱི་ཀོ་ཊི་ལནྡི་རང་བཙན་བྱེད་མིན་མང་མོས་འོས་བསྡུའི་ལམ་ནས་ཐག་གཅོད་བྱས་ཤིང་། མཐའ་མའི་ཐག་གཅོད་ནི་འོས་ཤོག་འཕིན་མཁན ༥༥% ཡིས་དབྱིན་ཇི་དང་མཉམ་གནས་བྱས་ནས་མུ་མཐུད་ནས་ལོ་ངོ ༣༠༧ ཕྱིན་པའི་མཉམ་འབྲེལ་རྒྱལ་ཁམས་ཀྱི་ངོ་བོ་སྲུང་འཛིན་རྒྱུན་འཁྱོངས་བྱེད་རྒྱུར་བདམས་པ་རེད།  ཐེངས་འདིའི་སཱི་ཀོ་ཊི་ལནྡིའི་མང་མོས་འོས་བསྡུ་དེས་འཛམ་བུ་གླིང་གི་དོ་སྣང་བསླངས་ཡོད་ལ། མང་མོས་འོས་བསྡུ་དེ་སཱི་ཀོ་ཊི་ལནྡིའི་ལས་དབང་ཐག་གཅོད་བྱེད་རྒྱུ་ཁོ་ན་ཙམ་མ་ཡིན་པར། གཙོ་ཆེ་ཤོས་ནི་མང་མོས་འོས་བསྡུའི་ལམ་ནས་འགྲོ་འདུག་ཐག་གཅོད་ཀྱི་རྣམ་པས་གཅིག་གྱུར་དང་ཁ་བྲལ་གྱི་གནད་དོན་ཅན་གྱི་རྒྱལ་ཁབ་མང་པོ་ཞིག་ལ་སེམས་ཁྲལ་བསླངས་ཡོད་པས་ཡིན། ས་ཁུལ་ཞིག་གི་མི་དམངས་ལ་མང་མོས་འོས་བསྡུ་བརྒྱུད་ནས་རང་ཉིད་ཀྱི་འགྲོ་འདུག་ཐག་གཅོད་བྱེད་རྒྱུའི་ཐོབ་ཐང་ཡོད་དམ་མེད། སཱི་ཀོ་ཊི་ལནྡིའི་མང་མོས་འོས་བསྡུ་ལས་པེ་ཅིང་ལ་དཔེ་ལྟ་ས་གང་དང་གང་ཡོད་པ་དང་། བོད་མི་ཚོར་དེ་ལས་བསླབ་བྱ་དང་མཉམ་མྱོང་ཅི་ཞིག་ལེན་རྒྱུ་ཡོད་པ་སོགས་ཀྱི་ཐད་བགྲོ་གླེང་བྱེད་རྒྱུ་ཡིན།
Advertisements