སའི་གོ་ལའི་མིའི་ལག་རྩལ་སྐར་མ་དུ་བ་མཇུག་རིང་སྟེང་བསླེབས།

imagesམིང་ལ་ཧྥའེ་ལེ(Philae)ཟེར་བའི་སྐར་མ་དུ་བ་མཇུག་རིང་འཚོལ་ཞིབ་ཐིག་ལེན་འཕྲུལ་ཆས་དེ་ཕྱི་ཟླ ༡༡ ཚེས ༡༢ ཉིན་གྱི་ཕྱི་དྲོའི་ཆུ་ཚོད་བཞི་བའི་སྟེང་མ་གྲུ་རཱོ་སཱ་ཏཱ(Rosetta)དང་ཁ་བྲལ་ནས་བདེ་ལེགས་ངང་སྐར་མ་དུ་བ་མཇུག་རིང་གི་ངོས་སུ་བབས་ཡོད་པ་རེད།
ཚན་རིག་པ་ཚོས་སྐར་མ་དུ་བ་མཇུག་རིང་ལ་བརྟག་དཔྱད་བརྒྱུད་ལོ་ངོ་དུང་ཕྱུར ༤༥འི་སྔོན་གྲུབ་པའི་ཉི་མའི་ཁྱིམ་རྒྱུད་ཀྱི་ཆགས་སྟེང་ལ་ཞིབ་འཇུག་ཅུང་ཟབ་མོ་ཐུབ་རྒྱུའི་རེ་བ་བཅངས་ཡོད་འདུག
ཕྱི་ཚེས་༡༤འི་ཉིན། སྐར་མ་དུ་བ་མཇུག་རིང་འཚོལ་ཞིབ་ཐིག་ལེན་འཕྲུལ་ཆས་ཧྥའེ་ཡེ་ཡིས་ཡང་བསྐྱར་རྒྱང་རིང་གི་སྐར་མ་མཇུག་རིང་ནས་ས་ཡི་གོ་ལའི་སྟེང་འདྲ་པར་དང་གཞི་གྲངས་བཏང་ཡོད་འདུག ཡིན་ན་ཡང་། འཚོལ་ཞིབ་ཐིག་ལེན་འཕྲུལ་ཆས་འབབ་ས་དེ་རྡོ་ཆེན་པོ་ཞིག་གི་འཁྲིས་ཡིན་པས། གློག་གཡས་ཡིས་ཉི་མའི་འོད་གདང་ངེས་ཞིག་ལེན་མི་ཐུབ་པས་གློག་རྫོགས་ལ་ཉེ་བ་དང་། indexཧྥའེ་ལེ་འཚོལ་ཞིབ་ཐིག་ལེན་འཕྲུལ་ཆས་ལ་ཉི་མའི་འོད་ཕོག་པའི་དུས་ཡུན་ཆུ་ཚོད་གཅིག་དང་ཕྱེད་ཀ་ལས་མེད་པས་དེ་ཡིས་གློག་གདང་ངེས་ཞིག་མཁོ་སྤྲོད་ཐུབ་མིན་ལ་བཟོ་བཀོད་ལག་རྩལ་པས་སེམས་ཁྲལ་བྱེད་ཀྱིན་ཡོད་པ་དང་། དེའི་ཕྱིར་བཟོ་བཀོད་པས་ཧྥའེ་ལེ་འཚོལ་ཞིབ་འཕྲུལ་ཆས་ལ་བཀའ་བཀོད་བཏང་ནས་ད་ལྟའི་གནས་ཡུལ་སྤོར་ནས་ཉི་མའི་འོད་ལེན་ཐུབ་ས་ཞིག་ཏུ་སྤོར་ཐབས་བྱས་ཡོད་པ་རེད།
གལ་སྲིད་གནས་སྤོའི་ལས་དོན་མ་འགྲུབ་པར་གློག་གཡས་ལ་གློག་གསོག་མ་ནུས་ན་ཡང་། འཚོལ་ཞིབ་ཐིག་ལེན་འཕྲུལ་ཆས་ཀྱིས་ཐེངས་འདིའི་འགན་ཁུར་གྱི་བརྒྱ་ཆའི་བརྒྱད་ཅུ་འགྲུབ་ཡོད་པ་ཚན་རིག་པས་འགྲེལ་བརྗོད་བྱས་འདུག
Philae_on_the_comet_Front_viewགྱོན་ཆས་འཁྲུད་ཆས་ཤིག་གི་བོངས་ཚད་ལས་མེད་པའི་སྐར་མ་དུ་བ་མཇུག་རིང་འཚོལ་ཞིབ་ཐིག་ལེན་འཕྲུལ་ཆས་དེ་ཕྱི་ལོ ༢༠༠༤ལོར་བཏང་བ་དང་། ལོ་བཅུའི་རིང་སྤྱི་ལེ་དུང་ཕྱུར ༦༤ ལ་བསྐྱོད་རྗེས་ད་གཟོད་སྐར་མ་དུ་བ་མཇུག་རིང་གི་ངོས་སུ་བསླེབས་ཡོད་པ་དང་། སྐར་མ་མཇུག་རིང་དང་ས་ཡི་གོ་ལའི་བར་ཐག་ལ་སྤྱི་ལེ་དུང་ཕྱུར་ལྔ་ཡོད་ཅིང་། སྐར་མ་མཇུག་རིང་གི་ཆེ་ཆུང་ན་སྤྱི་ལེ་གྲུ་བཞི་མ་བཞི་ལས་མེད་པ་དང་། གྲུབ་ཆ་གཙོ་བོ་འཁྱག་རོམ་དང་རྡོ་རེད།
སྐར་མ་དུ་བ་མཇུག་རིང་འཚོལ་ཞིབ་ཐིག་ལེན་བཟོ་བཀོད་ཐད་འགྲོ་སོང་ལ་སྒོར་མོ་ཐེར་འབུམ་ཆེ་མོ་གཅིག་དང་དུང་ཕྱུར་བདུན་གནས་ཡོད་པ་ཡོ་རོབ་མཁའ་འགྲུལ་ལས་ཁུངས་ཀྱིས་འགྲེལ་བརྗོད་བྱས་འདུགcomet_c
སྐར་མ་དུ་བ་མཇུག་རིང་འཚོལ་ཞིབ་ཐིག་ལེན་འཕྲུལ་ཆས་དེ་སྐར་མ་དུ་བ་མཇུག་རིང་སྟེང་གཏོང་མཁན་ནི་ཡོ་རོབ་མཉམ་འབྲེལ་མཁའ་འགྲུལ་ལས་ཁུངས་རེད།