བོད་རིགས་རྩོམ་པ་པོ་བཞི་ལ་རྒྱ་ནག་རྒྱལ་ཡོངས་སུན་ལེ་འབོལ་རྩོམ་གཟེངས་རྟགས་ཐོབ་འདུག

Screen Shot 2015-10-11 at 12.40.06བོད་རིགས་རྩོམ་པ་པོ་བཞི་ལ“ཏོང་ལི་པི”འམ་ཏོང་ལེ་བུམ་པ་ཞེས་པའི་རྒྱ་ནག་རྒྱལ་ཡོངས་སུན་ལེ་འབོལ་རྩོམ་གཟེངས་རྟགས་རེག་ཡོད་པ་རེད།

དེ་ཡང་མཚོ་སྔོན་པོའི་དྲྭ་རྒྱས་ཏོང་ལི་པིའམ་ཏོང་ལི་བུམ་པ་རྒྱ་ནག་རྒྱལ་ཡོངས་དམངས་ཁྲོད་རྩོམ་རིག་གཟེངས་རྟགས་ཀྱི་གཞུང་འབྲེལ་ཟིན་བྲིས་གྱིས་ཟླ ༩ ཚེས ༢༨ གྱི་གནས་ཚུལ་ལུང་འདྲེན་བྱས་པར་གཞིགས་ན།  སྐབས ༢༤པའི་ཏོང་ལི་བུམ་པའི་སུན་ལི་འབོལ་རྩོལ་གཟེངས་རྟགས་དེ་གྲོང་ཁྱེར་ཐེན་ཅིང་དུ་གསལ་བསྒྲགས་བྱས་ཡོད་པ་དང་། ཟིན་ཁྲོན་གྱི་གཡང་མཚོ་དང་། མཚོ་སྔོན་གྱི་འཇིགས་མེད་རྡོ་རྗེ། སི་ཁྲོན་གྱི་གནམ་ཚེ་རིང་། ཀན་སུའུ་ཡི་པདྨ་དབྱངས་ཅན་བཅས་རྩོམ་པ་པོ་བཞི་ལ་ཐེངས་འདིའི་སུན་ལི་འབོལ་རྩོམ་གཟེངས་རྟགས་ཁྲོད་བྱ་དགའ་ཐོབ་ཡོད་ཅིང་།

དེ་ཡང་གཡང་འཚོ་ཡི༼ས་ལ་ལྷུང་པའི་ཉིན་མོ ༽དང་། འཇིགས་མེད་རྡོ་རྗེ་ཡི༼གླིང་སྣེའི་ཁ་བ་དང་གཞན༽གཉིས་ལ་རྩོམ་ཡིག་རྐྱང་མའི་གཟེངས་རྟགས་ཨང་གཉིས་པ་ཐོབ་ཡོད་པ་དང་། གནམ་ཚེ་རིང་གི༼རྒྱང་རིང་གི་གྲོ་ཞིང༽ལ་འབོལ་རྩོམ་ཕུལ་བྱུང་བའི་གཟེངས་རྟགས་ཐོབ་འདུག དེ་བཞིན་པདྨ་དབྱངས་ཅན་གྱི༼མཛེས་པའི་ཀན་ལྷོ༽ལ་རྩོམ་ཡིག་རྐྱང་མའི་ཕུལ་བྱུང་གཟེངས་རྟགས་ཐོབ་འདུག

ཏོང་ལི་པིའམ་ཏོང་ལི་བུམ་པའི་རྒྱལ་ཡོངས་དམངས་ཁྲོད་རྩོམ་རིག་གཟེངས་རྟགས་དེ་རྒྱ་ནག་རིག་གཞུང་གསར་ལས་ཁང་དང་། ཐེན་ཅིང་རིག་གཞུང་རླུང་འཕྲིན་བརྙན་གཟིགས་ལས་ཁང་སོགས་ཀྱིས་གཙོ་སྐྱོང་གནང་གིན་པའི་རྒྱ་ནག་ནང་གི་ཚད་རིམ་ཆེས་མཐོ་ཞིང་། ཤུགས་རྐྱེན་ཆེས་ཆེ་བའི་དམངས་ཁྲོད་རྩོམ་རིག་གཟེངས་རྟགས་ཤིག་རེད། ཐེངས་འདིའི་ཏོང་ལི་བུམ་པའི་རྒྱ་ཡོངས་སུན་ལི་འབོལ་རྩོམ་གཟེངས་རྟགས་བྱ་འགུལ་ཁྲོད་ཞིང་ཆེན་དང་གྲོང་ཁྱེར ༣༤འི་རྩོམ་ཡིག ༢༢༤༦ ཞུགས་ཡོད་པ་དང་། མཐར་མཇུག་རྩོམ་ཡིག ༡༤༧ གཟེངས་རྟགས་ཐོབ་མཁན་མིང་ཐོའི་ནང་བདམས་ཡོད་ཅིང་། གཟེངས་རྟགས་ཐོབ་པའི་རྩོམ་ཡིག་དེ་དག་གིས་ཏོང་ལི་རྩོམ་རིག་གཟེངས་རྟགས་ཆེན་མོ་དང་། དམིགས་བསལ་གཟེངས་རྟགས། མི་གསར་རྩོམ་གསར་གཟེངས་རྟགས། འབོལ་རྩོམ་ཕྱོགས་བསྒྲིགས་དང་རྩོམ་ཡིག་རྐྱང་མའི་གཟེངས་རྟགས་བཅས་རྟིང་རྩོད་བྱེད་དགོས་པ་རེད།