ལམ་རིམ་གྱི་བཀའ་ཆོས་འགྱངས་ཐབས་མེད་ཙང་། དུས་འཁོར་དབང་ཆེན་ཕར་འགྱངས་བྱས་པ་ཡིན་ཞེས ༧གོང་ས་མཆོག་གིས་སུད་སི་རུ་ཡང་བསྐྱར་གསུངས་འདུག

Screen Shot 2016-03-12 at 17.06.46.png
སྤྱི་ཚེས ༡༡ ཉིན༧གོང་ས་མཆོག་གིས་སུད་སི་རུ་བོད་མིར་བཀའ་སློབ་གནང་བཞིན་པ། 

དེ་ཡང་སྤྱི་ཟླ ༣ ཚེས ༡༡ ཉིན། ༧སྤྱི་ནོར ༧གོས་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་སུད་སི་གྲོང་ཁྱེར་ཇི་ནེ་ཝར་ཡོད་པའི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མདུན་ཐང་དུ་སུད་སི་དང་ལེག་ཏེན་སི་ཐན་གྱི་བོད་རིགས་སུམ་སྟོང་ཙམ་ལ་བཀའ་སློབ་ལམ་སྟོན་བསྩལ་གནང་ཡོད་པ་དང་། དེ་ཡང ༧གོང་ས་མཆོག་གིས། ལོ་གཅིག་གཉིས་ཙམ་གྱི་གོང་ནས་ངོས་ལ་ལྒང་བུའི་ནད་གཞི་ཡོད་པས།   དེ་ལ་སྔོན་འགོག་ཆེད་སྨད་བཅོས་བྱས་ན་ཡག་གི་རེད་ཟེར། སྨན་བཅོས་བྱེད་རྒྱུར་དུས་ཚོད་ཏོག་ཙམ་དགོས་ཀི་ཡོད་དུས། རྒྱ་གར་ལྷོ་ཕྱོགས་ཀྱི་བཀའ་ཆོས་དེ་ལོ་བསྟུད་མར་བྱས་ནས་ད་ལོ་ལོ་བཞི་བ་དེ་ཡིན་པ་ཡོད། དེ་ཆ་ཚང་པ་ཞིག་ཚར་བ་བགྱིས། དེ་ཕར་འགྱངས་ཐབས་མེད་པས་ན།  དུས་འཁོར་དབང་ཆེན་ཕར་འགྱངས་ཆོག་གི་རེད། དེ་འདྲ་ཡིན་དུས། དུས་འཁོར་དབང་ཆེན་ཕར་འགྱངས་ནས། ད་ལོའི་མཇུག་ཏུ་དུས་འཁོར་དབང་ཆེན་ཚོགས་རྒྱུ་དེ་བྱས་པ་ཡིན། དེ་ནས་རྒྱ་གར་ལྷོ་ཕྱོགས་ཀྱི་བཀའ་ཆོས་དེ་ཚར་མ་ཐག་སྨན་བཅོས་བྱེད་དུ་སོང་བ་ཡིན། ཁ་སྔོན་སྨན་ཁང་ནས་མ་ཐོན་གོང་གཟུགས་པོ་ཚང་མ་བརྟག་དཔྱོད་ཅིག་བྱས་པ་ཡིན། བརྟག་དཔྱོད་ཀྱི་འབྲས་བུ་རུ། ལོ་སྔོན་མ་ལས་ཀྱང་རུས་པ་ཇེ་མཁྲེགས་ཇེ་ཡག་ཏུ་སོང་འདུག་ཟེར། ཞེས་བཀྲ་ཤིས་པའི་བཀའ་སློབ་གནང་བ་དང་། དེ་མིན་ཡང་གོང་ས་མཆོག་གིས། བདུན་ཕྲག་ལྔའི་རིང་གི་སྨན་བཅོས་དེ། མིང་གིས་སྨན་བཅོས་རེད་མ་གཏོགས། དོན་གྱིས་ངོས་ལ་གུང་གསེང་ཡག་ཤོས་དེ་རག་སོང་ཞེས་བཞད་མོ་དང་ལྷན་བཀའ་སློབ་གནང་བ་མ་ཟད་། ང་ཚོ་བོད་ལ་ནང་དོན་རིགས་པ་དང་ཚད་མ་རིགས་པ་སོགས་མི་རིགས་གཞན་སུ་ལའང་མེད་པའི་དེ་འདྲའི་ཕུན་སུམ་ཚོགས་པའི་རིག་གནས་ཀྱིས་ཕྱུག་པོ་ཡིན་པ་བོད་པ་རང་གིས་ཤེས་དགོས་ཞེས་བཀའ་སློབ་ལམ་སྟོན་བསྩལ་གནང་ཡོད་པ་རེད།