སྨྱན་བྱད་པ་ཇཱ་ཇཱ་བོར་བརླག་དང “ ཡོངས་ཁྱབ་ཡི་གེ ” གཉིས་འབྲེལ་བ་ཡོད་པར་དོགས་པ་ཟས་འདུག

Screen Shot 2016-03-20 at 10.00.45.png
སྨྱན་བྱད་པ་ཇཱ་ཇཱ།

རྒྱ་ནག་གི་སྨྱན་བྱད་པ་ཇཱ་ཇཱ་གར་སོང་ཆ་མེད་དུ་གྱུར་བ་དེ་ཡོངས་ཁྱབ་ཡི་གེའི་དོན་རྐྱེན་དང་འབྲེལ་བ་ཡོད་པར་དོགས་པ་ཟས་འདུག

དེ་སྔོན་ཧོང་ཀོང་དུ་ལོ་མང་རིང་གསར་འགྱུར་གྱི་ཕྱག་ལས་སྒྲུབ་མྱོང་བའི་རྒྱ་ནག་གི་སྨྱད་བྱད་པ་ཇཱ་ཇཱ(贾葭)ཉེ་ལམ་གློ་བུར་དུ་གར་སོང་ཆ་མེད་དུ་གྱུར་བ་དང་། ཁོང་གི་ནང་མི་དང་གྲོགས་པོ་ཚོས་བཤད་པ་ལྟར་ན། ཇཱ་ཇཱ་དང་འབྲེལ་བ་བྱུང་བ་མཐའ་མ་དེ་པེ་ཅིང་ནས་ཧོང་ཀོང་ལ་འཕུར་བའི་གནམ་གྲུའི་ནང་མ་བུད་པའི་སྔོན་ཡིན་པ་རེད། ཁོང་གི་ཁྲིམས་རྩོད་པས། ཇཱ་ཇཱ་བོར་བརླག་ཏུ་སོང་བ་དང་ཉེ་སྔོན་རྒྱ་ནག་གཞུང་འབྲེལ་དྲྭ་རྒྱའི་སྟེང་བཀོད་པའི་ཞི་ཅིན་ཕེང་གིས་དབུ་ཁྲིད་ནས་དགོངས་པ་ཞུ་དགོས་པར་རེ་འདུན་བཏོན་པའི་ཡོངས་ཁྱབ་ཡི་གེ་དེ་དང་འབྲེལ་བ་ཡོད་པར་དོགས་པ་ཟས་འདུག
ཇཱ་ཇཱ་ཡི་ཁྲིམས་རྩོད་པ་ཡན་ཞིན(燕薪)གྱིས་རོ་ཡེ་ཊིར་གསར་ལས་ཁང་ལ། འཆར་གཞི་ལྟར་ན་ཇཱ་ཇཱ་ལགས་སྤྱི་ཟླ ༣ ཚེས ༡༥འི་ཉིན་པེ་ཅིང་ནས་ཧོང་ཀོང་ལ་འགྲོ་འཆར་རེད། ཁོང་གནམ་གྲུའི་ནང་མ་བུད་པའི་སྔོན་ཏག་ཏག་དེར། ཁོང་གི་གྲོགས་པོ་ཞིག་ལ་གཅིག་བགྱིས་ན་ང་རྒྱ་ནག་གཞུང་གིས་བཀག་ཉར་བྱས་ནས་ཞིབ་བཤེར་འདྲི་རྩད་བྱེད་སྲིད་པ་རེད་ཅེས་བཤད་ཡོད་པ་རེད། རྒྱུ་མཚན་ནི་དེ་སྔོན་ཁོང་གིས་ཞིན་ཅང་གི་ཝོ་ཇེ་གསར་འགྱུར་དྲྭ་རྒྱའི(无界新闻网)འཛིན་སྐྱོང་འགན་འཛིན་ཨོ་ཡང་ཧོང་ལིང(欧阳洪亮)ལ “གང་མགྱོགས་མགྱོགས་ཀྱིས་ཡོངས་ཁྱབ་ཡི་གེ་དེ་ནག་སུབ་ཐོངས”ཞེས་དྲན་སྐུལ་བཏང་ཡོད་པ་རེད།

ཇཱ་ཇཱ་ཡི་ཁྲིམས་རྩོད་པ་ཡན་ཞིན་གྱིས་རོ་ཡེ་ཊིར་གསར་ལས་ཁང་ལ་མུ་མཐུད་ནས་བརྗོད་པར་གཞིགས་ན། ཇཱ་ཇཱ་བོར་བརླག་ཏུ་སོང་བའི་དུས་ཚོད་དེ་གནམ་གྲུའི་ནང་འབུད་ཁའི་སྔོན་དེར་ཁེལ་ཡོད་ཅེས་དང་། ཡང་ཧོང་ཀོང་གི ༼ཀུ་ཤུ་ཉིན་རེའི་ཚགས་པར༽གྱི་གནས་ཚུལ་ནང་། དགོང་མོའི་དེར་ཁོང་གནམ་གྲུའི་ནང་མ་བུད་པའི་སྔོན་ཏག་ཏག་དེར་ཁོང་གི་གཟའ་ཟླ་ལ་ཁ་པར་བཏང་ནས། ཁོང་ཉིད་འགག་སྒོ་ལས་ཐར་ནས་གནམ་གྲུའི་ནང་འབུད་གྲབས་བྱེད་ཀྱིན་ཡོད་ལུགས་བཤད་འདུག འཆར་གཞི་ལྟར་ན། ཇཱ་ཇཱ་དགོང་མོ་དེར་ཁོང་གི་ཧོང་ཀོང་གི་གྲོགས་པོ་ཚང་དུ་ཞག་འདུག་གནང་རྒྱུ་རེད། ཡིན་ན་ཡང་། ཁོང་ཡོང་མེད་པ་མ་ཟད། ཁོང་གི་ཁ་པར་ཡང་མི་སྤྲོད་པའི་གནས་སྟངས་ཤར་ཡོད། ཅེས་བཀོད་འདུག

དེ་མིན་ཇཱ་ཇཱ་ཡི་གྲོགས་པོ་ཞིག་གིས་འཇར་མིན་གསར་ལས་ཁང(德国之声)ལ། “ཝོ་ཇེ་གསར་འགྱུར་དྲྭ་རྒྱའི་འཛིན་སྐྱོང་འགན་འཛིན་ཨོ་ཡང་ཧོང་ལིང་ནི་དེ་སྔ་ཇཱ་ཇཱ་ཡི་ལས་རོགས་རེད། ཁོང་གཉིས་གྲོགས་པོ་ཡིན་ཞེས་བཤད་ཀྱང་མ་འགྲིག་པ་མེད། སེམས་པ་བཟུང་པོའི་ཀུན་སློང་གིས་དྲན་སྐུལ་དེ་བཏང་བ་རེད། དྲན་སྐུལ་བཏང་པའི་བྱ་སྤྱོད་དེ་ཕྱི་རོལ་ཡུལ་གྱིས་ཤེས་དགོས་དོན་ནི། ཇཱ་ཇཱ་ཡིས་དྲན་སྐུལ་བཏང་པའི་སྐད་ཆ་དེ་ཁོང་རང་ཉིད་ཀྱི་སྐད་འཕྲིན་ནང་གི་གྲོགས་པོའི་ཚོམ་དུ་བཀོད་ཡོད་པ་རེད། མིག་སྔར་ཇཱ་ཇཱ་ཡི་ནང་མི་པེ་ཅིང་གི་ཉེན་རྟོག་ལས་ཁང་ལ་ཐེངས་མང་པོ་སོང་ནས་རྩད་གཅོད་བྱས་ཡོད་པ་རེད། འོན་ཀྱང་གྲུབ་འབྲས་ཅི་ཡང་ཐོན་མེད ” ཟེར།

རོ་ཡེ་ཊིར་གསར་ལས་ཁང་གིས་ཀྱང་པེ་ཅིང་གི་ཉེན་རྟོག་ལས་ཁང་ལ་འབྲེལ་བ་བྱས་ཡོད་ཀྱང་ལན་བཏབ་མེད་པས། ད་ལྟའི་ཆར་ཇཱ་ཇཱ་དངོས་སུ་བཀག་ཉར་བྱས་ཡོད་མེད་ཤེས་ཐབས་མེད་པའི་གནས་སུ་རེད།

ཇཱ་ཇཱ་དེ་སྔོན་རྒྱ་ནག་གི་ཐིན་ཞུན(腾讯)གི་དྲྭ་རྒྱའི་སྤྱི་ཚོགས་འབྲེལ་འདྲིས་སྟེགས་བུ༼ཏཱ་ཇ(大家) ༽ཞེས་པའི་ཆེད་སྒྲིག་རྩོམ་སྒྲིག་པ་དང་། ཧོང་ཀོང་གི༼ ཉི་འོད་ལས་དོན་གཟའ་དེབ(阳光事务周刊)༽ཀྱི་རྩོམ་སྒྲིག་པ་གཞོན་པ། ༼ཏུན་སྤེལ་གཏོང་སྨྱན་བྱད(端传媒) ༽ཀྱི་དཔྱད་བརྗོད་སྡེ་ཚན་གྱི་འགན་འཛིན་བཅས་རེད། ཉེ་ལམ་ཁོང༼ཏུན་སྤེལ་གཏོང་སྨྱན་བྱད༽ལས་རྩ་དགོངས་ཞུས་ནས་ཀོང་ཀྲུག་ཀྲུང་ཧྲན(广州中山)སློབ་ཆེན་དུ་དགེ་རྒན་བྱས་ཡོད་པ་རེད།

འོ་ན་ད་གོང་དུ་ཞུས་པའི “ཡོངས་ཁྱབ་ཡི་གེ ” ཟེར་བ་དེ་ཅི་ཞིག་རེད་དམ་ཞེ་ན། ད་ལོའི་སྤྱི་ཟླ ༣ ཚེས ༤ ཉིན། རྒྱ་ནག་གཞུང་འབྲེལ༼ ཝོ་ཇེ་གསར་འགྱུར་དྲྭ་རྒྱ༽ཡི་སྟེང་དུ “གུང་ཁྲན་ཏང་ལ་དགའ་ཞེན་ཅན” ཞེས་མིང་བཀོད་པའི་ཡོངས་ཁྱབ་ཡི་གེ་ཞིག་སྤེལ་ཡོད་པ་དང་། ཡོངས་ཁྱབ་ཡི་གེ་དེའི་ཁ་བྱང་ལ “བློ་མཐུན་ཞི་ཅིན་ཕེང་གིས་ཏང་དང་རྒྱལ་ཁབ་གྱི་དབུ་ཁྲིད་ལས་དགོངས་པ་ཞུ་དགོས་པའི་རེ་འདུན་ཡོངས་ཁྱབ་ཡི་གེ”ཞེས་བཀོད་ཡོད་པ་དང་། ཡི་གེ་དེའི་ནང་ཞི་ཅིན་ཕེང་དབུ་ཁྲིད་དུ་གྱུར་བ་ནས་བཟུང་། རྒྱ་ནག་གི་ཆབ་སྲིད་དང་། དཔལ་འབྱོར། རིག་གཞུང་། ཕྱི་འབྲེལ་སོགས་སུ་ཕམ་ཁ་བྱུང་ནས་བསྟུད་མར་ཕྱི་རུ་བཤོལ་དགོས་པར་ཐུག་ལུགས་དང་། ཡི་གེ་དེའི་མཇུག་ཏུ། རིག་གནས་གསར་བརྗེ་ཆེན་མོ་བརྒྱུད་མྱོང་བའི་ང་ཚོ་རང་དབང་མེད་པར་བློ་སེམས་མི་བདེ་བར་གྱུར་ཡོད། ང་ཚོའི་རྒྱལ་ཁབ་དང་མི་རིགས་ཀྱིས་ཡང་བསྐྱར་ལོ་བཅུ་ཡི་གོད་ཆག་མི་ཐེག་པ་ཁོ་ཐག་ཡིན། ཞེས་བཀོད་ཡོད་པ་རེད།

དོ་སྣང་བྱེད་རིན་ཡོད་པ་ཞིག་ནི། ༼ཝོ་ཇེ་གསར་འགྱུར་དྲྭ་རྒྱ༽ཟེར་བ་དེ་རྒྱ་ནག་ཕྱི་རོལ་དང་ཡང་ན་རྒྱ་ནག་དམངས་ཁྲོད་ཀྱི་དྲྭ་རྒྱ་ཞིག་མིན། དེ་ནི་ཞིན་ཅང་རང་སྐྱོང་ལྗོངས་ཀྱི་ཏང་གི་དྲིལ་བསྒྲགས་སྡེ་ཚན་གྱི་མ་རྩ་ཕུད་ནས། ཚེ་ཞིན་ཁེ་ལས་ཚོགས་ཁག(财新集团)དང་འ་ལི་པཱ་པཱ་ཚོགས་ཁག(阿里巴巴集团)མཉམ་རུབ་ཀྱིས་འཆར་བཀོད་བྱས་པའི་སྨྱན་བྱད་གསར་བ་ཞིག་རེད། དེའི་དམིགས་ཡུལ་གཙོ་བོ་དེ་རྒྱ་ནག་གཞུང་གིས་ད་ལྟ་ཤེད་ཆེན་པས་གསར་སྤེལ་གཏོང་གིན་པའི༼ཁུལ་གཅིག་ལམ་གཅིག(一带一路)༽ཞེས་པའི་འཐབ་ཇུས་དེ་དྲིལ་བསྒྲགས་ཀྱི་ཆེད་དུ་རེད། དོན་སྙིང་དེའི་སྟེང་ནས་བཤད་ན། ༼ ཝོ་ཇེ་གསར་འགྱུར་དྲྭ་རྒྱ༽ནི་མིང་དོན་མཚུངས་པའི་རྒྱ་ནག་གཞུང་འབྲེལ་གྱི་སྨྱན་བྱད་ཅིག་རེད།

ཡོངས་ཁྱབ་ཡི་གེ་དེ་སྤེལ་ནས་ཅུང་མ་འགོར་བར། དུས་ཡུན་གང་ཙམ་ཞིག་གི་རིང་ལ༼ ཝོ་ཇེ་གསར་འགྱུར་དྲྭ་རྒྱ༽ཞེས་པ་དེ་ལྟ་ཀློག་མི་ཐུབ་ཀྱང་། སྐབས་ཤིག་ནས་དྲྭ་རྒྱ་དེ་རྒྱུན་ལྡན་ལྟར་འཁོར་གཉེར་བྱས་ཡོད་པ་རེད།
ཁ་བྱང་ལ་བློ་མཐུན་ཞི་ཅིན་ཕེང་གིས་ཏང་དང་རྒྱལ་ཁབ་གྱི་དབུ་ཁྲིད་ལས་དགོངས་པ་ཞུ་དགོས་པའི་རེ་འདུན་ཡོངས་ཁྱབ་ཡི་གེ་ཞེས་པའི་ཡོངས་ཁྱབ་ཡི་གེ་དེ་རྒྱ་ནག་ནང་ཁུལ་དུ་ནག་གསུབ་བཏང་ཟིན་པ་རེད། ཡིན་ན་ཡང་ཕྱིའི་རྒྱལ་ཁབ་ཁག་ཏུ་ཡི་གེ་དེ་ལྟ་ཀློག་ཐུབ་པ་རེད།

དེ་སྔོན་ཧོང་ཀོང་དུ་ལོ་མང་རིང་གསར་འགྱུར་གྱི་ཕྱག་ལས་སྒྲུབ་མྱོང་བའི་རྒྱ་ནག་གི་སྨྱད་བྱད་པ་ཇཱ་ཇཱ(贾葭)ཉེ་ལམ་གློ་བུར་དུ་གར་སོང་ཆ་མེད་དུ་གྱུར་བ་དང་། ཁོང་གི་ནང་མི་དང་གྲོགས་པོ་ཚོས་བཤད་པ་ལྟར་ན། ཇཱ་ཇཱ་དང་འབྲེལ་བ་བྱུང་བ་མཐའ་མ་དེ་པེ་ཅིང་ནས་ཧོང་ཀོང་ལ་འཕུར་བའི་གནམ་གྲུའི་ནང་མ་བུད་པའི་སྔོན་ཡིན་པ་རེད། ཁོང་གི་ཁྲིམས་རྩོད་པས། ཇཱ་ཇཱ་བོར་བརླག་ཏུ་སོང་བ་དང་ཉེ་སྔོན་རྒྱ་ནག་གཞུང་འབྲེལ་དྲྭ་རྒྱའི་སྟེང་བཀོད་པའི་ཞི་ཅིན་ཕེང་གིས་དབུ་ཁྲིད་ནས་དགོངས་པ་ཞུ་དགོས་པར་རེ་འདུན་བཏོན་པའི་ཡོངས་ཁྱབ་ཡི་གེ་དེ་དང་འབྲེལ་བ་ཡོད་པར་དོགས་པ་ཟོས་འདུག