ཨ་རིའི་རྒྱ་ནག་ཐད་ཀྱི་ཚོང་དོན་སྲིད་ཇུས་དེ་ཁེ་ཤོར་གྱོང་རེག་གི་འཁྲུལ་ལས་ཆེས་འཁྲུལ་ཞིག

yuan-DW-Wirtschaft-Beijing.jpgལོ ༡༦ རིང་ཡོ་འཁྱོམ་ཆེ་ཞིང་ལྷིང་མི་འཇགས་པས། གཞི་རྩའི་ཚོད་དཔག་གི་མགོ་རྟིང་སློག

ཨ་རིའི་སྐད་གྲགས་ཆེ་བའི༼ བོལ་སྲང་ལམ་ཉིན་རེའི་ཚགས་པར༽གྱིས་ཉེ་ལམ་དཔྱད་རྩོམ་རིང་པོ་ཞིག་སྤེལ་ཡོད་པ་དང་། དཔྱད་རྩོམ་དེའི་ནང་། སྤྱི་ལོ ༢༠༠༠ ལོའི་ཟླ ༤ བར། སྐབས་དེའི་ཨ་རིའི་སྲིད་འཛིན་ཁི་ལེན་ཊིན(Bill Clinton)དང་། ཨ་རིའི་མཉམ་འབྲེལ་དབུས་དངུལ་ཁང་ཆེན་མོའི་འགན་འཛིན་སྐུ་ཞབས་ཨ་ལན གྷུ་རེན་སི་ཕན( Alan Greenspan)། དེ་བཞིན་ཨ་རིའི་དཔལ་འབྱོར་དབུ་་ཁྲིད་ཚོ་ཕོ་བྲང་དཀར་པོར་འཛོམས་ནས་ཨ་རིའི་དཔལ་འབྱོར་ལོ་བཅུའི་རིང་བསྟུད་མར་རྒྱས་ཤིང་འཕེལ་བར་དགའ་སྟོན་རྟེན་འབྲེལ་ཞུས་ཡོད་པ་དང་། ཁོང་ཚོ་ཐུན་མོང་ལ་ལྡན་པའི་དགོངས་ཚུལ་ནི། ཚོང་དོན་དང་། རྩེ་ཕུད་ཀྱི་ཚན་རིག་ལག་རྩལ། དབུས་དངུལ་ཁང་གི་ཚོད་འཛིན་སྟེ་མཆོག་ཏུ་གྱུར་བའི་ཐབས་ལམ་འདི་གསུམ་ལ་བརྟེན་ནས་ཨ་རིས་རང་ཉིད་དར་རྒྱས་ཀྱི་དུས་རབས་མུ་ནས་མུ་རུ་རྒྱུན་འཁྱོངས་དང་སྐུལ་འདེད་ཐུབ་པར་ཡིད་ཆེས་དང་ཁག་ཐེག་བྱས་ཡོད་པ་རེད།
འོན་ཀྱང་། ལོ ༡༦ གི་རྗེས་སུ། མི་རྣམས་པས་ཕྱི་མིག་ཅིག་བལྟས་ཙ་ན། དེང་ཐོག་གི་ལུང་བསྟན་དེ་དག་ཕལ་ཆེར་ནོར་འཁྲུལ་ཡིན་པ་གཞི་ནས་རྟོགས། ༢༠༠༠ ལོ་ནས་བཟུང་། ཨ་རི་ལ་དཔལ་འབྱོར་ཉམས་རྒུད་ཐེངས་གཉིས་བྱུང་པ་དང་། གཅིག་ནི་རྩེ་ཕུད་ཚན་རིག་ལག་རྩལ་གྱི་ལྦུ་སོབ་སྟོངས་ཤིང་འཇིག ཅིག་ཤས་ནི་ས་ཁང་གི་ལྦུ་སོབ་སྟོངས་ཤིང་འཇིག སྟོངས་འཇིག་དེ་གཉིས་ལ་རྐྱེན་བྱས་ནས་ལོ་ངོ ༧༥འི་རིང་བྱུང་མྱོང་མེད་པའི་དངུལ་རྩ་ཉམས་ཉེན་གྱི་གནས་སྟངས་ཤར་པའི་མ་ཚད། ཤི་མ་གསོན་གྱི་ཡར་རྒྱས་དུས་སྐབས་ལས་དུས་དེ་རིང་ད་དུང་དགྲོལ་ཐུབ་མེད།

༼ བོལ་སྲང་ལམ་ཉིན་རེའི་ཚགས་པར༽གྱི་དཔྱད་རྩོམ་ནང་། འདས་པའི་ལོ་ངོ ༡༦ རིང་གི་ཡོ་འཁྱོམ་ཆེ་ཞིང་ལྷིང་མི་འཇགས་པ།  ཡི་ཐང་ཆད་པའི་གནས་སྟངས་ཀྱིས་དེང་རབས་དཔལ་འབྱོར་རིག་པ་དང་ཆབ་སྲིད་ལམ་ལུགས་ཀྱི་གཞི་རྩའི་ཚོད་དཔག་གི་མགོ་རྟིང་སློག་ཡོད། ཚར་དུ་དངར་པའི་རེ་ཐག་ཆད་ཅིང་ཡིད་རྨུགས་པའི་གོད་ཆག་རབ་དང་རིམ་པ་དེ་དག་ནི་ཌ་ནེལ ཊི་རམ་ཕི(Donald Trump ཨ་རི་སྤྱི་མཐུན་ཚོགས་པའི ༢༠༡༦ ལོའི་སྲིད་འཛིན་འོས་མི —བསྒྱུར་མཁན་གྱི་མཆན། )དང་སན་ཊིར་སི་(Bernard  Sanders ཨ་རི་དམངས་གཙོ་ཚོགས་པའི ༢༠༡༦ ལོའི་སྲིད་འཛིན་འོས་མིར་ལངས་མཁན —བསྒྱུར་མཁན་གྱི་མཆན།)གཉིས་ད་ལོའི་འོས་འདེམས་ཆེན་མོའི་ཁྲོད་འབུར་དུ་ཐོན་དོན་གྱི་གཞི་རྩ་ཡིན། ཞེས་བཀོད་འདུག

ཨ་རི་བ ༧༠%ཡིས:ཨ་རི་ལམ་ལོག་ཅིག་ན་འགྲོ་བཞིན་ཡོད།

དཔྱད་རྩོམ་ནང་དུ། ༢༠༠༠དང་བསྡུར་ན། དངུལ་ལོར་འགྲེམ་ཐལ་ཤོར་བ་འདོར་ཚེ། ཨ་རིའི་ཁྱིམ་ཚང་གི་ཡོང་སྒོའི་དཀྱིལ་གནས་གྲངས་ཀ་དེ་ལོ ༡༦ གི་ནང་ཚུན༧%མར་ཆག་ཡོད་པ་རེད། དབུལ་ཕྱུག་གི་ཁྱད་པར་ཇེ་ཆེ་ནས་ཇེ་ཆེར་ཕྱིན་ཡོད། ༼ བོལ་སྲང་ལམ་ཉིན་རེའི་ཚགས་པར༽དང ༼རྒྱལ་ཁབ་རླུང་འཕྲིན་ལས་ཁང༽གི་མི་དམངས་ཀྱི་འདོད་བློ་བསྡུ་རུབ་ལ་གཞི་བཞག་ན། ཨ་རི་བ ༧༠%ཡིས་རྒྱལ་ཁབ་འདི་ནོར་ཞིང་འཁྲུལ་བའི་ལམ་ལོག་ཞིག་ན་འགྲོ་བཞིན་པར་ངོས་འཛིན་བྱས་འདུག

དེ་མིན་ཡང་དཔྱད་རྩོམ་དེའི་ནང་དུ། ༢༠༡༦ལོའི་སྲིད་འཛིན་འོས་འདེམས་ཆེན་མོ་ནི་ཕམ་ཁ་ཉོས་པའི་ཨ་རིའི་དཔལ་འབྱོར་མ་དཔེ་ལ། འབངས་ཡོངས་ཀྱིས་སྤྱི་མོས་འོས་བསྡུ་ཐེངས་ཤིག་བྱས་པར་ངོས་འཛིན་བྱས་འདུག ཊི་རམ་ཕི་དང་སན་ཊིར་སི་གཉིས་ཀྱིས། ལོ ༡༦ གི་ཡར་སྔོན་དུ་གཏན་འབེབས་དང་ལག་བསྟར་བྱས་པའི་སྲིད་ཇུས་དེ། ཨ་རི་བ་ཕལ་མོ་ཆེར་མཚོན་ན་འདས་ཟིན་པའི་དུས་རབས་ཤིག་ལ་ངོས་འཛིན་བྱས་པར་འདོད། དམངས་གཙོ་ཚོགས་པའི་སྲིད་འཛིན་འོས་མི་སྐུ་ཞབས་སན་ཊི་སི་སྔོན་འགྲོའི་གདམ་རྩོད་ཁྲོད་རྒྱལ་ཐུབ་མེད་ཀྱང་། ཁོང་གི་འདུ་ཤེས་དེས་དམངས་གཙོ་ཚོགས་པ་གཡོན་ཕྱོགས་སུ་འཁྲིད་ངེས་ཡིན། ཞེས་ཀྱང་བཀོད་འདུག

དཔྱད་རྩོམ་རིང་པོ་དེས་ཚོང་དོན་དང་། རྩེ་ཕུད་ཀྱི་ཚན་རིག་ལག་རྩལ། དབུས་དངུལ་ཁང་ཆེན་མོ་གསུམ་པོ་རེ་བ་སྟོང་ཟད་དུ་སོང་པའི་དཔལ་འབྱོར་གྱི་གཞི་རྩ་དང་། དེ་བཞིན་དེ་ཡིས་སྤྱི་ཚོགས་ཆབ་སྲིད་ལ་ཐེབས་པའི་ཤུགས་རྐྱེན་བཅས་ལ་ཞིབ་འཇུག་དང་ཞིབ་ལྟ་བྱས་ཡོད་པ་རེད། དཔྱད་རྩོམ་དེའི་ནང་། དེང་ཐོག་ཨ་རིའི་ཁེ་ལས་ལས་ཁུངས་དག་གིས་གཞི་རྒྱ་ཆེ་བའི་རྒྱ་ནག་གི་ཁྲོམ་རར་ཚོང་ཟོག་ཕྱི་བཙོང་བྱས་ཆོག་པར་འདོད་པ་མ་ཟད། ཨ་རིའི་ཁེ་ལས་ལས་ཁུངས་དེ་དག་གི་མུ་ནས་མུ་ཡི་དར་རྒྱས་ཁག་ཐེག་བྱེད་ཐུབ་པར་འདོད། མཇུག་འབྲས་སུ་བསམ་ཡུལ་ལས་ལྡོག་ཏེ། རྒྱ་ནག་དེ་ཕྱི་བཙོང་ཆེ་ཤོས་ཀྱི་རྒྱལ་ཁབ་ཏུ་གྱུར་ནས། དེའི་སྔོན་གྱི་ཉི་ཧོང་དང་མེ་ཁེ་སི་ཀོ(Mexico) ཡི་མཚོ་རླབས་ལྟ་བའི་ཕྱི་བཙོང་ལས་བྱུང་པའི་གནོན་འཚེ་ལས་ཀྱང་ཚབས་ཆེ་བ་ཞིག་ཨ་རིའི་སྤྱི་ཚོགས་ལ་ཐེབས་ཡོད། ཅེས་སོགས་བཀོད་འདུག

དེ་མིན་ཡང་དཔྱད་རྩོམ་དེའི་ནང་བཀོད་དོན་ལྟར་ན། རྒྱ་ནག་ལས་གསལ་ཞིང་དག་པའི་ངང་ཤེས་ཐུབ་པ་ཞིག་ལ། གནད་དོན་གཞན་དག་ལས་ཀྱང་གོ་ལ་གཅིག་གྱུར་ཟེར་བའི་བསམ་ཚུལ་དེ་རེ་སྟོང་འབའ་ཞིག་ཡིན་པ་ཚོར་ཐུབ།  ༢༠༠༠ལོར་ཕོ་བྲང་དཀར་པོར་བསྐོངས་པའི་ཚོགས་འདུ་དེའི་ཐོག སྐབས་དེའི་ཨ་རིའི་སྲིད་འཛིན་ཁི་ལེན་ཊིན་ལགས་ཀྱིས། རྒྱ་ནག་གི་ཚོང་དོན་གཞི་རྒྱ་ཇེ་ཆེར་བཏང་ཚེ། ང་ཚོའི་དངོས་ཟོག་དང་ཞབས་ཞུའི་ཆེད་དུ་ཁོང་ཚོའི་ཁྲོམ་རའི་སྒོ་འབྱེད་པ་ཡིན་ཞེས་བརྗོད་ཡོད་མོད། འོན་ཀྱང་དོན་དངོས་སུ། ཨ་རིའི་རྒྱ་ནག་ཐད་ཀྱི་ཚོང་དོན་སྲིད་ཇུས་དེ་མི་རྣམས་པའི་ཚོད་དཔག་ལས་ལྡོག་པའི་ཨ་རིའི་དཔལ་འབྱོར་གྱི་ཟད་པའི་འགྲིབ་པ་ཞིག མི་བརྟན་གཡོ་འགུལ་ཞིག རྒུད་པར་ཕྱོགས་པའི་ཟགས་ལམ་ཞིག་ཏུ་གྱུར་ཡོད།

རིང་མིན་ཨ་རིའི་དམངས་གཙོ་ཚོགས་པའི་སྲིད་འཛིན་འོས་མིར་གྱུར་སྲིད་པའི་ལྕམ་ཧེ་ལ་རེ ཁི་ལེན་ཊིན (Hilary Clinton)གྱིས་ཀྱང་གང་ཉིད་ཨ་རིའི་ཕྱི་སྲིད་ལྷན་ཁང་གི་བློན་ཆེན་ཡིན་དུས་ཞི་བདེ་རྒྱ་མཚོ་བརྒལ་བའི་ཚོང་དོན་གྲོས་མཐུན་ལ་སྐུལ་འདེད་གང་ཐུབ་ཅི་ཐུབ་གནང་པ་དང་། ད་ལྟའི་སྐབས་སུའང་རྒྱ་ནག་ཐད་སྔར་ལས་དམ་དྲག་གི་ལྟ་བ་ལངས་ཕྱོགས་བཟུང་པ་དང་ཆབས་ཅིག གྲོས་མཐུན་དེར་རྒྱབ་སྐྱོར་གྱི་ལངས་ཕྱོགས་བཟུང་ཡོད། ཁོང་མོའི་ལངས་ཕྱོགས་དེས་ཁྱོ་གའི་གཏན་འབེབས་དང་ལག་ལེན་དུ་བསྟར་བའི་ཨ་རིའི་དཔལ་འབྱོར་སྲིད་ཇུས་དེ་དེང་ཐོག་གི་རེ་བ་ཇི་བཞིན་དུ་མ་གྲུབ་པར་ངོས་ལེན་བྱས་པར་འདོད་ཆོག

ཨ་རི་སྤྱི་མཐུན་ཚོགས་པའི་སྲིད་འཛིན་འོས་མི་སྐུ་ཞབས་ཌ་ནེལ ཊི་རམ་ཕི་ལགས་ཀྱིས་རྒྱ་ནག་གི་འཇིགས་སྐུལ་སྨྲ་བ་དེ་ཁོང་གི་གདམ་རྩོད་གྱི་བརྗོད་བྱ་གཙོ་བོར་བཟུང་ཡོད་པ་རེད། སྤྱི་མཐུན་ཚོགས་པའི་སྔོན་འགྲོའི་འོས་འདེམས་ཁྲོད། རྒྱ་ནག་གི་ནང་འདྲེན་ལ་སྐྱབས་བཅོལ་བའི་ཨ་རིའི་རྫོང ༡༠༠འི་ནང་གི་རྫོང ༨༩ས་ཊི་རམ་ཕི་ལ་རྒྱབ་སྐྱོར་བྱས་ཡོད་པ་དང་། རྒྱ་ནག་གི་ནང་འདྲེན་ལ་འབྲེལ་བ་ཆེར་མེད་པའི་ཨ་རིའི་རྫོང ༡༠༠འི་ནང་གི་རྫོང ༢༨ ཀྱིས་མ་གཏོགས་ཊི་རམ་ཕི་ལ་རྒྱབ་སྐྱོར་བྱས་མེད་པ་རེད།

རྒྱ་ནག་གི་འགྲན་རྩོད་ལས་ཨ་རིར་ཐེབས་པའི་རྡུང་རྡེག་དེ་དམག་ཆེན་གཉིས་པའི་ཚུན་དུ་རྒྱལ་ཁབ་གང་ཞིག་ལས་ཀྱང་ཚབས་ཆེ།

དུས་ཡུན་རིང་པོ་ཞིག་ནས་བཟུང་དཔལ་འབྱོར་རིག་པ་བ་ཚོས་ཚོང་ཟོག་ནང་འདྲེན་འགྲན་རྩོད་ཀྱིས་ཨ་རིའི་ལས་བཟོ་བར་ཐེབས་པའི་གནོད་པ་དེ། ལྟོས་ས་ལྟོས་འཇོག་གིས་རིན་ཁེ་གོང་ཆུང་གི་དངོས་ཟོག་ལས་ཐོབ་པའི་ཁེ་ཕན་ལས་རིན་དོད་ཅུང་ཆུང་བར་འདོད་མོད། འོན་ཀྱང་། ཨ་རིའི་མཱ་ས་ཆོ་ས་ཚི (Massachusetts) རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པ་སློབ་གླིང་གི་དཔལ་འབྱོར་རིག་པ་བ་ཨཱར་རྟུར (Arthur) དང་ཙུ་རེ་ཁི (Zurich)། དཔལ་འབྱོར་རིག་པ་བ་གཞན་གཉིས་བཅས་མཉམ་འབྲེལ་ངང་ཨ་རིའི་ས་ཁུལ ༧༢༢ ལ་ཉམས་ཞིབ་བྱས་ཏེ་སྙན་ཐོ་ཞིག་བཏོན་ཡོད་པ་དང་། སྙན་ཞུ་ཡིག་ཆ་དེའི་ནང་། རྒྱ་ནག་གི་འགྲན་རྩོད་ལས་ཨ་རིའི་བཟོ་སྒྲིག་ལས་རིག་ལ་ཐེབས་པའི་རྡུང་རྡེག་དེ་འཛམ་གླིང་དམག་ཆེན་གཉིས་པའི་ཚུན་དུ་རྒྱལ་ཁབ་གང་ཞིག་ལས་ཀྱང་བརྒལ་ཡོད་ཅེས་བཀོད་ཡོད་པའི་མ་ཚད། སྙན་ཐོའི་ནང་ད་དུང་ཡང་།  སྤྱི་ལོ ༡༩༩༩ ལོ་ནས ༢༠༡༡ ལོའི་བར། རྒྱ་ནག་གི་འགྲན་རྩོད་ལ་རྐྱེན་བྱས་ནས་ཨ་རིའི་བཟོ་སྒྲིག་ལས་རིག་དང་ཞབས་ཞུ་ལས་རིག་སུ་ལས་གནས་ས་ཡ་གཉིས་དང་འབུམ་བཞི་ཤོར་ཡོད་པ་རེད། ཅེས་སོགས་བཀོད་འདུག

དེ་བཞིན་དུ་ཚན་རིག་ལག་རྩལ་རྩེ་གྲའི་ཐད་ནས། ལོ ༡༦ གི་ཡར་སྔོན་དུ་ཚན་རིག་ལག་རྩལ་རྩེ་གྲའི་འཕེལ་རྒྱས་ལས་མི་སྒེར་གྱི་ཡོང་སྒོ་ཇེ་མཐོར་འགྲོ་རྒྱུ་མ་ཟད། གཞི་རྒྱ་ཆེན་པོས་དར་རྒྱས་ལོངས་སུ་སྤྱོད་རྒྱུའི་ཚོད་དཔག་ཀྱང་བྱས་པ་རེད། འོན་ཀྱང་། དངོས་ཡོད་གནས་ཚུལ་དུ། ཐོན་སྐྱེབ་བསྡུར་ཚད་གྱི་འཕེལ་རིམ་ཇེ་ཐལ་དུ་སོང་ཞིང་། ཚན་རིག་ལག་རྩལ་རྩེ་གྲས་ལས་གནས་གྲངས་མེད་ཁྱུར་མིད་བཏང་ནས་ངལ་རྩོལ་ཤེད་ཤུགས་དུམ་བུར་གྲུགས་སྟབས། རིག་གནས་ཆུ་ཚོད་ཅུང་དམའ་བའི་ངལ་རྩོལ་བར་ལས་ཀ་རེག་རྒྱུ་དེ་བས་ཀྱང་ཇེ་དཀའ་རུ་སོང་ཡོད།

དབུས་དངུལ་ཁང་ཆེན་པོའི་ཕན་ནུས་སྐོར་བཤད་ན། དབུས་དངུལ་ཁང་ཆེན་པོས་དཔལ་འབྱོར་འཕེལ་རྒྱས་དང་། དངུལ་ལོར་འགྲེམ་ཐལ་ཤོར་བ། ལྦུ་སོབ་བཅས་ཀྱི་བར་སྙོམས་སྒྲིག་གི་ནུས་པ་ཤུགས་རྐྱེན་ཐོན་རྒྱུར་ཡིད་ཆེས་བྱས་ཡོད་མོད། འོན་ཀྱང་། དོན་དངོས་གནས་ཚུལ་ནི། དབུས་དངུལ་ཁབ་ཆེན་པོས་དེ་སྔའི་ཚོད་དཔག་ནང་བཞིན་གྱི་འཕེལ་རྒྱས་མངོན་པར་གྱུར་མེད་ལ། དེ་སྔོན་གྱི་དམིགས་བྱའི་དངུལ་ལོར་འགྲེམ་ཐལ་ཤོར་བའི་དམིགས་ཡུལ་དེའང་འགྲུབ་མེད་པ་མ་ཟད། ༢༠༠༧ ནས ༢༠༠༩ བར་བྱུང་བའི་དངུལ་རྩ་ཉམས་ཉེན་གྱི་དངུལ་རྩ་གསོག་པ་མང་དྲགས་པའི་གནས་སྟངས་སེལ་རྒྱུའི་གོ་སྐབས་ཀྱང་ཤོར་ཟིན་པ་རེད།

ཊི་རམ་ཕི་སྣང་ཚུལ་གྱིས་མ་རྩ་རིང་ལུགས་ཀྱི་དོ་དམ་བློ་རིག་དེ་མགོ་རྟིང་སློག་ཀྱང་སྲིད།

རྩོམ་ཡིག་ནང་བཀོད་པར་གཞིགས་ན། ལོ་ངོ ༣༠འི་རིང་འཛུགས་སྐྲུན་བྱས་པའི་ཇི་ལྟར་མ་རྩ་རིང་ལུགས་ལ་དོ་དམ་བདག་སྐྱོང་བྱེད་རྒྱུའི་བློ་རིག་དེ་ད་ལྟ་ཊི་རམ་ཕི་དང་སང་ཊིར་སི་གཉིས་ཀྱིས་མགོ་རྟིང་སློག་ཟིན་པ་རེད། ཁོང་གཉིས་ནི་འཛམ་གླིང་དམག་ཆེན་གཉིས་པའི་རྗེས་སུ་འཛུགས་སྐྲུན་བྱས་པའི་ཐུན་མོང་གི་ལྟ་ཚུལ་དེར་འགྲན་སློང་མཁན་གཙོ་བོ་གཉིས་དང་། ཤུགས་རྐྱེན་ཚབས་ཆེན་ཐེབས་སུའི་ཁུངས་གཉིས་ཀྱང་ཡིན། ཉེ་ཆར་གྱི་ཕཱེའོ(PEW)ཞིབ་བཤེར་ལས་གསལ་བ་ཞིག་ནི། ཊི་རམ་ཕི་ཡི་རྗེས་འབྲང་པ ༦༡%དང་སང་ཊིར་སི་ཡི་རྗེས་འབྲང་པ ༩༡ %གིས། ད་ལྟའི་དཔལ་འབྱོར་སྒྲིག་གཞི་འདི་ཤུགས་རྐྱེན་ཅན་གྱི་ཁེ་ཕན་ཤོག་ཁག་ལ་ཕྱོགས་ཡོད་པར་ངོས་འཛིན་དང་ཡིད་ཆེས་བྱས་འདུག ཁོང་གཉིས་ཀའི་རྗེས་འབྲང་བ་ཚང་མས་མི་རིགས་རིང་ལུགས་ལ་དགའ་མོས་ཡིད་སྨོན་བྱས་པ་དང་། འཛམ་གླིང་གཅིག་གྱུར་དང་སྒོར་མོའི་ཁེ་ཕན་ལ་ངོ་རྒོལ་བྱེད་ཀྱིན་ཡོད།

ཡང་་དཔྱད་རྩོམ་དེའི་ནང་། ད་ལྟ་འགྲོ་བཞིན་པའི་དཔལ་འབྱོར་ཐད་ཀྱི་བསྐྱར་ཞིབ་དང་བསམ་གཞིག་དེ་མགོ་བརྩམས་པ་ཙམ་ཡིན་ལ། དཔལ་འབྱོར་ཉམས་དམས་ཆེན་པོའི་རྗེས་ཀྱི་བསྐྱར་ཞིབ་ལ་ཨ་ལན་སློག་པ་ཞིག་ཀྱང་ཡིན། དཔལ་འབྱོར་རིག་པ་པ་གསར་བ་སྐོར་ཞིག་གིས་དོན་དམ་པའི་གནད་དོན་གང་དུ་བྱུང་བར་ཞིབ་འཇུག་བྱས་དང་བྱེད་མུས་སུ་ཡིན། ཁོང་ཚོའི་བསྡོམས་ཚིག་དེ་ཆབ་སྲིད་གཡོ་འཁྲབ་པའི་སྐེ་འཇུ་བྱེད་ས་མི་དམངས་རིང་ལུགས(populism)དང་འདྲ་མཚུངས་ཡིན་མིན་ལ་མ་བལྟས་པར། ཁོང་ཚོའི་ཞིབ་འཇུག་གི་འབྲས་བུ་དེ་གཅིག་བགྱིས་ན་འབྱུང་འགྱུར་ལོ་ངོ་བཅུ་ཕྲག་མང་པོའི་རིང་ཨ་རིའི་ཚོང་དོན་དང་། དངུལ་ལོར་སྲིད་ཇུས། ཚན་རིག་ལག་རྩལ་རྩེ་གྲ ངལ་རྩོལ་ནུས་ཤུགས། ནོར་སྲིད་སྲིད་ཇུས་བཅས་ཀྱི་རིག་ལམ་དུ་གྱུར་མི་སྲིད་པ་མིན།

Advertisements