རྒྱ་གཞུང་ཐ་གཞུང་། འཇིགས་སྐུལ་དྲག་གཞུང་།

taliban-fighters-rocket-launcher-ap-640x480
ཐ་ལེ་པན་གྱི་ཡུལ་དམག་གཉིས།

ཐ་ལེ་པན་གྱི་སྐུ་ཚབ་ཚོགས་པ་ཞིག་སྤྱི་ཟླ ༧ ཚེས ༡༨ ནས ༢༢ བར་རྒྱ་ནག་པེ་ཅིང་ལ་འཚམས་གཟིགས་སུ་ཕེབས་ཡོད་ལུགས་ཐལ་དྲགས་ཨེ་སི་ལམ་ཁ་ཆེ་སྒྲིག་འཛུགས་ཐེ་ལེ་པན་གྱི་ནང་ཁུལ་གྱི་མི་སྣ་ཞིག་གིས་བརྗོད་འདུག
མིང་མི་བཤད་པའི་ཐལ་དྲགས་ཨེ་སི་ལམ་ཁ་ཆེ་སྒྲིག་འཛུགས་ཐེ་ལེ་པན་གྱི་ནང་ཁུལ་གྱི་མི་སྣ་དེས། ཐ་ལེ་པན་གཞུང་དང་འཛམ་གླིང་སྟེང་གི་རྒྱལ་ཁབ་འདྲ་མིན་བར་འབྲེལ་བ་ཡག་པོ་ཡོད་ལ། རྒྱ་ནག་དེའི་ནང་གི་གཅིག་ཡིན། ང་ཚོས་རྒྱ་ནག་གི་དཔོན་རིགས་ཚོར་བཙན་འཛུལ་བས་ཨ་ཧྥི་གྷ་ནི་སི་ཐན་བཙན་བཟུང་བྱས་ཚུལ་དང་། ཨ་ཧྥི་གྷ་ནི་སི་ཐན་མི་དམངས་ལ་བརྙས་བཅོས་རྡོག་བརྫིས་བྱས་ཚུལ་ངོ་སྤྲོད་བྱས་པ་ཡིན།  རྒྱ་ནག་གིས་ང་ཚོར་རོགས་རམ་གནང་ནས་གཉའ་གནོན་དང་བརྙས་བཅོས་འདི་དག་འཛམ་གླིང་གླེང་སྟེགས་སྟེང་ཁྱེར་རྒྱུ་དང་། ང་ཚོས་མྱུར་བ་མྱུར་དུ་བཙན་བཟུང་ལས་རང་དབང་ཐོབ་རྒྱུའི་རེ་བ་བཅངས་ཡོད་ཅེས་བརྗོད་འདུག

ད་ཐེངས་ཀྱི་གཟིགས་སྐོར་འདི་བཞིན་རྒྱ་ནག་གཞུང་གི་མགྲོན་འབོད་ལྟར་སོང་བ་ཞིག་རེད། ཡིན་ན་ཡང་། རྒྱ་ནག་ཕྱི་འབྲེལ་ལྷན་ཁང་གིས་དེའི་ཐད་འགྲེལ་བཤད་ཅི་ཡང་བྱས་མེད།

ཨ་རི་དང་། པ་ཀིའི་སི་ཐན། ཨ་ཧྥི་གྷ་ནི་སི་ཐན། རྒྱ་ནག་བཅས་ནི་ད་ལོའི་སྟོད་དུ་ཐ་ལི་པན་དང་ཞི་མོལ་ཡོང་ཐབས་སུ་བཙུགས་པའི་རྒྱལ་ཁབ་བཞི་ཡིན།
རྒྱ་ནག་གིས་སྔ་ས་ནས་ཨ་ཧྥི་གྷ་ནི་སི་ཐན་གྱི་བདེ་འཇགས་མིན་པའི་གནས་སྟངས་ལ་སེམས་ཁུར་བྱས་ཡོད། སེམས་ཁུར་བྱེད་དོན་ནི་དེ་གའི་ཤུགས་རྐྱེན་རྒྱ་ནག་གི་དབང་བསྒྱུར་འོག་ཡོད་པའི་ཤར་ཏིར་ཀི་ས་ཐིན་ནམ་ཞིན་ཅང་དུ་སླེབས་ཡོང་བར་དོགས་ཀྱིན་ཡོད།

ཉེ་བའི་ལོ་ཤས་སུ། ཉིན་ཅང་ཁུལ་དུ་དྲག་པོའི་དོན་རྐྱེན་བསྟུད་མར་བྱུང་ཡོད།

ཐལ་དྲགས་ཨེ་སི་ལམ་ཁ་ཆེ་སྒྲིག་འཛུགས་ཐེ་ལེ་པན་གི་གནད་དོན་ཐག་གཅོད་ཐད། ཨ་རི་དང་རྒྱ་ནག་གཉིས་ཀའི་ལངས་ཕྱོགས་རྦད་དེ་ཁ་ཁ་ཡིན། ནུབ་ཕྱོགས་རྒྱལ་ཁབ་དག་གིས་ཐལ་དྲགས་ཨེ་སི་ལམ་ཁ་ཆེ་སྒྲིག་འཛུགས་ཐེ་ལེ་པན་དེ་འཇིགས་སྐུལ་པའི་རྩ་འཛུགས་ཤིག་ལ་ངོས་འཛིན་བྱས་ཡོད། ཡིན་ན་ཡང་། རྒྱ་ནག་གིས་དེ་ལ་ངོ་བོ་ངོས་འཛིན་རྩ་བ་ཉིད་ནས་བྱས་མེད། ཉེ་བའི་ལོ་ཤས་སུ། ཐལ་དྲགས་ཨེ་སི་ལམ་ཁ་ཆེ་སྒྲིག་འཛུགས་ཐེ་ལེ་པན་གྱི་སྐུ་ཚབ་རྒྱ་ནག་ཏུ་ཐེངས་མང་སོང་ཡོད་ཀྱང་། རྒྱ་ནག་གིས་བདེན་དཔང་དང་གསལ་བཤད་གཅིག་ཀྱང་ད་བར་དུ་བྱས་མེད།

Advertisements