
སྤྱི་ལོ ༢༠༡༦ ལོའི་ཟླ ༡༡ ཚེས ༨ ཉིན། ཨ་རིའི་གདམ་དམངས་ཀྱིས་འོས་ཤོག་གི་ལམ་ནས་སྲིད་འཛིན་གདམ་རྒྱུ་དང་། སང་ལོའི་སྤྱི་ཟླ ༡ ཚེས ༢༠ ཉིན་སྲིད་འཛིན་གསར་བས་དངོས་སུ་ལས་འགན་བཞེས་རྒྱུ་ཡིན་པ་རེད།
སྔོན་འགྲོའི་འོས་འདེམས་དེ་ནམ་རྒྱུན་སྤྱི་ཟླ ༡ ནས ༦ བར་སྤེལ་གྱིན་ཡོད། དེའི་རྗེས་སུ། སྤྱི་མཐུན་ཚོགས་པ་དང་དམངས་གཙོ་ཚོགས་པས་སོ་སོའི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་བསྐོངས་ནས་ཚོགས་པའི་འོས་མི་འདེམ་སྲོལ་ཡོད། ད་ལོར་སྤྱི་མཐུན་ཚོགས་པའི་ཊི་རུམ་ཕི (Trump) ཡི་འགྲན་ཡ་ཁུ་རུ་ཙི (Ted Cruz) ཡིས་སྤྱི་ཟླ ༥ར་གདམ་རྩོད་མཚམས་བཞག་པའི་དབང་གིས། ཊི་རུམ་ཕི་བདེ་བླག་ངང་སྤྱི་མཐུན་ཚོགས་པའི་འོས་མིར་གྱུར་ཞིང་། ཧེ་ལེ་རེ་ད་ལོའི་སྤྱི་ཟླ ༦ ར་དམངས་གཙོ་ཚོགས་པའི་འོས་མི་འོས་ཐབ་རག་པ་རེད།
སྤྱི་ཟླ ༡༡ ཚེས ༨ཉིན། འོས་བསྡུ་ཆེན་མོའི་སྔོན་དུ་ཚོགས་པ་གཉིས་ཀའི་སྲིད་འཛིན་འོས་མི་གཉིས་ཀྱིས་བརྙན་འཕྲིན་བགྲོ་གླེང་ཆེན་མོ་ཐེངས་གསུམ་ལ་བྱེད་དགོས་ཤིང་། བགྲོ་གླེང་ཐེངས་གཉིས་ལ་སྤེལ་ཟིན་པ་དང་། ཐེངས་གསུམ་པ་སྟེ་མཐའ་མའི་བགྲོ་གླེང་དེ་ཨ་རིའི་སྐད་གྲགས་ཅན་གྱི་ལཱ་སི་ཝེ་གྷ་སི་གྲོང་ཁྱེར་དུ་སྤེལ་གཏན་ཁེལ་ཡོད་པ་རེད།
འོ་ན། སྤྱི་ཟླ ༡༡ པའི་འོས་བསྡུ་ཆེན་མོའི་སྤེལ་སྟངས་ག་འདྲ་ཞིག་ཡིན་ནམ་ཞེ་ན། ཨ་རིའི་འདེམས་བསྐོ་ལ “འདེམས་བསྐོ་བའི་འོས་ཤོག” ཟེར་བའི་རྩིས་རྒྱག་སྟངས་ཤིག་ཡོད། མངའ་སྡེའི་མི་འབོར་གྱི་མང་ཉུང་ལྟར་མངའ་སྡེ་རེ་རེའི་འདེམས་བསྐོ་བའི་འོས་ཤོག་གི་གྲངས་ཀ་གཏན་ལ་ཕབ་ཡོད། དེའི་སྟབས་ཀྱིས། མངའ་སྡེ་ལ་ལར་འོས་ཤོག་མང་པ་དང་། ཡང་མངའ་སྡེ་ལ་ལར་འོས་ཤོག་ཉུང་ཉུང་ཞིག་ལས་མེད། དཔེར་ན། ཁཱ་ལི་ཧྥུ་ནེ་ཡ་ནི་འོས་ཤོག་མང་ཤོས་དེ་ཡིན་ལ། འདེམས་བསྐོ་བའི་འོས་ཤོག ༥༥ ཡོད། ནིའུ་ཡོག་ལ་འདེམས་བསྐོ་བའི་འོས་ཤོག ༢༩ ཡོད། ཨ་ལ་སི་ཀ་མངའ་སྡེ་ལ་འདེམས་བསྐོ་བའི་འོས་ཤོག ༣ ལས་མེད། དེ་མིན། རྒྱལ་སའི་མངའ་ཁུལ་ལ་གདམ་དབང་ཡོད་ལ་འདེམས་བསྐོ་བའི་འོས་ཤོག ༣ ཡོད། དེ་ལྟར་ཁྱོན་བསྡོམས་པའི་འདེམས་བསྐོ་བའི་འོས་ཤོག ༥༣༨ ཡོད་ཅིང་། འདེམས་བསྐོ་བའི་འོས་ཤོག ༢༧༠ སུ་ལ་ཐོབ་ཚེ་འོས་བསྡུ་ཆེན་མོའི་ཁྲོད་རྒྱལ་ཁ་ཐོབ་པ་རེད།
“རྒྱལ་བར་ཡོངས་ཐོབ”།
མ་ཡན(Maine)མངའ་སྡེ་དང་ནེ་བྷི་ར་སི་ཀ (Nebraska) མངའ་སྡེ་གཉིས་ལས་གཞན། མངའ་སྡེ་གཞན་དག་ཚང་མས་རྒྱལ་བར་ཡོངས་ཐོབ་ཀྱི་འདེམས་བསྐོའི་རྩ་དོན་ལག་བསྟར་བྱེད་ཀྱིན་ཡོད། མངའ་སྡེའི་འོས་ཤོག་མང་ཤོས་ཐོབ་མཁན་ལ་མངའ་སྡེ་དེའི་འདེམས་བསྐོ་བའི་འོས་ཤོག་ཡོད་ཚད་ཐོབ་འགྲོ
“ངེས་མེད་མངའ་སྡེ”།
ངེས་མེད་མངའ་སྡེ་ཟེར་བ་ནི། མངའ་སྡེ་དེ་གར་འོས་མི་དང་སྲིད་ཚོགས་གང་རུང་ལ་འབུར་ཐོན་གྱི་སྟོབས་ཤུགས་སམ་རྒྱབ་སྐྱོར་མེད་པ། དེའི་ཕྱིར། ངེས་མེད་མངའ་སྡེ་དག་ནི་སྲིད་འཛིན་འོས་མི་རྩོད་ལེན་གྱི་མངའ་སྡེ་གཙོ་བོ་རུ་གྱུར་བ་རེད། ངེས་མེད་མངའ་སྡེའི་ཁོངས་སུ་ཧྥུ་ལོ་རེ་ཌ (Florida)དང་། ཨོ་ཧ་ཡོ ( Ohio)སོགས་ཐེ། ༢༠༠༠ ལོར། ཧྥུ་ལོ་རེ་ཌའི་འདེམས་བསྐོ་བའི་འོས་ཤོག ༢༩ ཡིས་རྗོར་རྗི བྷི་ཞི་ཨ་རིའི་སྲིད་འཛིན་དུ་བདམས་པ་རེད།
འོས་བསྡུ་རྫོགས་རྗེས། རྒྱལ་ཁ་ཐོབ་མཁན་གྱིས་རྒྱལ་སྲིད་ལས་ཁུངས་རྩ་འཛུགས་བྱེད་མགོ་ཚུགས་པ་དང་ཆབས་ཅིག སྲིད་སྐྱོང་རྩ་འཛིན་ཞིབ་ཅིང་ཕྲ་བས་ངང་གཏན་འབེབབ་བྱེད་ངེས་ཡིན། ད་ལྟའི་སྲིད་འཛིན“ངང་པ་རྐང་ལོ” ཡིས་རང་ཉིད་ཀྱི་སྲིད་སྐྱོང་དུས་ཡུན་ལ་རྫོགས་ཚིག་བཀོད་པའི་རྟ་གོན་ལ་ཞུགས་ཞོར། ཉལ་ཆས་བསྡམ་ནས་ཕོ་བྲང་དཀར་པོ་ལས་འགྲོ་རྩིས་བྱེད་དགོས།
ལོ་རྗེས་མའི་སྤྱི་ཟླ ༡ ཚེས ༢༠ སྲིད་འཛིན་གསར་བའི་ཁྲི་འདོན་མཛད་སྒོ་བསྐོང་རྒྱུ་ཡིན་པས། དེ་དུས་ང་ཚོའི་མིག་གི་ལོངས་སྤྱོད་དུ་སུ་ཐོན་རྒྱུ་ཡིན་ནམ།