འགྲོ་བ་མིའི་རྣམ་དཔྱོད་དང་ཨ་མེ་རི་ཀའི་ཚན་རྩལ།

5199533427_bf11807850_n
རྒྱུ་སྐར་ཕུར་བུ།

མིང་ལ་ཁཱ་སི་ནི(Cassini)ཟེར་བའི་ཨ་མེ་རི་ཀའི་འཇིག་རྟེན་འཕུར་གྲུས་ལོ ༢༠ རིང་གི་རྟོག་ཞིབ་ཀྱི་ལས་འགན་ལེགས་པར་འགྲུབ་རྗེས། ཚེ་སྲོག་གི་ལྷག་མ་ཁོང་མོ་དགའ་ས་དང་དུངས་སའི་རྒྱུ་སྐར་ཕུར་བུའི་མཁའ་དབྱིངས་སུ་འཐིམ།
སྤྱི་ཟླ ༩ ཚེས ༡༥ ཉིན། ཨ་མེ་རི་ཀའི་ཁཱ་ལི་ཧྥུ་ནེ་ཡ་མངའ་སྡེ་རུ་ཆགས་པའི་ཨ་རི་མཁའ་དབྱིངས་འགྲུལ་སྐྱོད་རིག་རྩལ་ལས་ཁང་གི་རླུང་འབུད་ཚོད་ལྟ་ལྟེ་གནས་ཁང་དུ། ཁཱ་སི་ནི་རྣམ་གྲངས་ཀྱི་འགན་འཛིན་སྐུ་ཞབས་མཱ་ཙི(Metz)ལགས་ཀྱིས་སྐད་གདངས་མཐོན་པས། མཁའ་དབྱིངས་འགྲུལ་སྐྱོད་ཁཱ་སི་ནི་འཕུར་གྲུའི་བརྡ་རྟགས་ཡལ་ཟིན་པ་རེད། སྐར་ཆ ༤༥འི་རྗེས་སུ། ཁཱ་སི་ནི་འཕུར་གྲུ་དུས་གཏན་དུ་ཡལ་འགྲོ། ཞེས་གསལ་བསྒྲགས་གནང་འདུག
རྗེས་མཐུད་ཀྱི་གསར་འགོད་གསལ་བསྒྲགས་སྐབས་སུ། སྐུ་ཞབས་མཱ་ཙི་ཡིས་ཁཱ་སི་ནི་མཁའ་དབྱིངས་འགྲུལ་སྐྱོད་འཕུར་གྲུར་བསྟོད་བསྔགས་གནང་ཡོད་ལ། ཁོང་གིས། ད་ནིང་ཞོགས་པར། ཁེར་རྐྱང་གི་རྟོག་ཞིབ་པ་ཞིག མིས་བཟོས་འཕྲུལ་འཁོར་ཞིག་གིས། སྤྱི་ལེ ༡༤༤༠༠༠༠༠༠༠ ཡི་བར་ཐག་ཡོད་སའི་མཁའ་དབྱིངས་སུ་ལས་འགན་ལེགས་པར་འགྲུབ་སོང་། འཕུར་གྲུ་ཁཱ་སི་ནི་དང་ཆེས་བར་ཐག་ཉེ་སའི་ལྟ་ཞིབ་སྟེགས་བུས་ཀྱང་ཁཱ་སི་ནི་འཕུར་གྲུ་ཡལ་ནས་སྐར་མ ༤༨ གྱི་རྗེས་སུ་མ་གཏོགས་ཤེས་མི་ཐུབ། ཁཱ་སི་ནི་འཕུར་གྲུས་ང་ཚོའི་རེ་འདུན་ཡོད་ཚད་ལེགས་པར་སྒྲུབ་ཆེད་ཚེ་སྲོག་གི་རྒྱུན་མ་རྫོགས་བར་དུ་འབད་བརྩོན་ལྷོད་མེད་གནང་བ་རེད། ཅེས་བརྗོད་འདུག

ཁཱ་སི་ནི་འཇིག་རྟེན་འཕུར་གྲུ་ནི་སྤྱི་ལོ ༡༩༩༧ ལོར་མཁའ་དབྱིངས་སུ་སྤུར་ཞིང་། ལོ་བདུན་རིང་བསྟུད་མར་འཕུར་རྗེས་ད་གཟོད་རྒྱུ་སྐར་ཕུར་བུའི་མཁའ་དབྱིངས་སུ་བསླེབས་པ་རེད། ཁཱ་སི་ནི་འཕུར་གྲུས་རྒྱུ་སྐར་ཕུར་བུ་དང་རྒྱུ་སྐར་གཞན་དག་གི་རྟོག་ཞིབ་ཁྲོད། ཚན་རིག་གི་རྟོགས་པ་གསར་བ་མང་པོ་རྙེད་ཡོད།

རླུང་འབུད་ཚོད་ལྟ་ཁང་གི་འགན་འཛིན་སྐུ་ཞབས་ཝ་ཁེན་སི་ལགས་ཀྱིས། ཁཱ་སི་ནི་འཕུར་གྲུས་འདས་པའི་ལོ་ངོ ༡༣ རིང་གི་འགྲུལ་ལམ་ཁྲོད་ཀྱི་གསར་རྟོགས་དག་གིས་རྒྱུ་སྐར་ཕུར་བུ་ངོ་སྤྲོད་བྱེད་པའི་བསླབ་དེབ་ལ་འགྱུར་བ་ཐེབས་ཡོད་ལ། དེ་ལས་ཀྱང་གལ་འགངས་ཆེ་བ་ཞིག་ནི་ཕུར་བུ་ནི་འགྲོ་བའི་རིགས་འཚོ་སྡོད་ལ་རན་པའི་རྒྱུ་སྐར་ཞིག་ཡིན་པ་ཤེས་རྟོགས་བྱུང་བ་དང་། དེ་ཡིས་འབྱུང་འགྱུར་ང་ཚོ་ཡང་བསྐྱར་རྒྱ་སྐོར་ཕུར་བུའི་སྟེང་འགྲོ་རྒྱུ་ཁག་ཐེག་བྱས་ཡོད། ཅེས་བརྗོད་འདུག

འཕུར་གྲུ་ཁཱ་སི་ནི་ཡིས་ད་དུང་རྒྱུ་སྐར་ཕུར་བུའི་སྟེང་གི་ཊི་ཐན་ (Titan )དང་ཨེན་སི་ལ་དོ་སི་ཡི( Encelados)སྟེང་རྒྱ་མཚོའི་འཇིག་རྟེན་ཞིག་རྙེད་ཡོད་པ་མ་ཟད། ད་དུང་ཨིན་སི་ལ་དོ་སི་རྒྱ་མཚོ་རུ་ཚ་བའི་གཤེར་ཁུའི་འཕྱུར་ཁུང་ཡོད་པའི་དཔང་རྟགས་གསལ་བོ་རྙེད་ཡོད།

ཁཱ་སི་ནི་འཕུར་གྲུའི་འབར་རྫས་ཡོངས་སུ་རྫོགས་སྟབས། ཨ་རི་མཁའ་དབྱིངས་འགྲུལ་སྐྱོད་རིག་རྩལ་ལས་ཁང་གིས་བྱ་ཐབས་བྲལ་བའི་གནས་སྟངས་དེ་ལ་གཞིགས་ནས་འཕུར་གྲུ་ཁཱ་སི་ནི་གཏོར་ཡོད་པ་དང་། དེ་ལྟ་བུའི་ལམ་ནས་མེད་པར་བཟོ་དོན་ནི་ས་ཡི་གོ་ལའི་དུག་སྲིན་ཕྲ་མོའི་རིགས་རྒྱུ་སྐར་དེ་དག་གི་སྟེང་ཁྱབ་ནས་འབགས་བསླད་བཟོ་རྒྱུ་སྔོན་འགོག་གི་ཆེད་དུ་ཡིན་པ་རེད།

ཚན་རིག་པས། ཁཱ་སི་ནི་འཕུར་གྲུའི་རྟོག་ཞིབ་ལས་འགན་མཇུག་བསྒྲིལ་དང་ཆབས་ཅིག རྒྱུ་སྐར་གཞན་དག་ལ་རྟོག་ཞིབ་དང་ཤེས་རྟོགས་ཀྱི་ལས་གཞི་རྒྱ་ཆེན་པོ་ཞིག་གི་མགོ་བརྩམས་པ་རེད་ཅེས་བརྗོད་འདུག

Advertisements