ཞི་ཅིན་ཕེང་གི་དུས་རབས་གསར་བ་དང་གོང་མའི་སྲིད་དབང་གི་དུས་མཇུག་གཉིས་ལ་འདྲ་ས་མང།

9295926969_a0759c570b_b
སྐུ་ཞབས་ཌ་ཝེ་ཌི ཞམ་བྷ་གྷི།

པེ་ཅིང་གཞུང་གིས་རྒྱ་ནག་ཤེས་མཁན་ཞེས་འབོད་པའི་ཨ་མེ་རི་ཀའི་རིག་པ་བ་སྐུ་ཞབས་ཌ་ཝེ་ཌི ཞམ་བྷ་གྷི(David Shambaugh )ལགས་ཀྱིས་ཉེ་ལམ་རྒྱལ་ས་ཝ་ཞིན་ཊོན་ན་ཡོད་པའི་སློབ་ཆེན་ཞིག་ཏུ་གཏམ་བཤད་སྐབས། རྒྱ་ནག་གུང་ཁྲན་ཚོགས་པའི་ཚོགས་ཆེན ༡༩ པའི་རྗེས་སུ། རྒྱ་ནག་གི་དབུ་ཁྲིད་ཞི་ཅིན་ཕེང་ལ་བལྟོས་མེད་ཀྱི་དབང་ཆ་ཐོབ་ནས་ཚད་མཐོ་བའི་སྲིད་དབང་སྒེར་སྡེམ་པ་དེ་ཆགས་སྟབས།  ཁྱིམ་བདག་གི་རྣམ་པའི་སྒེར་གཅོད་ལམ་ལུགས་ཡང་བསྐྱར་རྒྱ་ནག་ཏུ་གསོན་ཤུགས་རྒྱས་པ་རེད། དེ་མིན། རུལ་སུངས་ལ་རྡུང་རྡེག་གི་ལས་འགུལ་ལ་རྐྱེན་བྱས་ནས། རྒྱ་ནག་གི་ཆབ་སྲིད་ཁོར་ཡུག་ན་འཇིགས་སྐྲག་གི་རིག་གནས་ཤིག་ཁྱབ་ཡོད་པས། རྒྱ་ནག་གི་དེ་སྔའི་ཆེད་མཁས་པའི་རྒྱལ་ཁབ་སྐྱོང་པའི་མ་དཔེ་དེ་ཡལ་ནས་ལམ་ལུགས་འཕེལ་རྒྱས་མེད་པར་རེངས་པོར་གྱུར་ཡོད་ཅེས་བརྗོད་འདུག

སྐུ་ཞབས་ཞམ་བྷ་གྷི་ལགས་ཀྱིས་ཟླ ༡༡ ཚེས ༩འི་ཉིན། ཨ་རིའི་རྒྱལ་ས་ཝ་ཞིན་ཏོན་ན་ཡོད་པའི་རྗང་ཧབ་ཁེང་སློབ་ཆེན(John Hopkins University)དུ་རྒྱ་ནག་གི་མ་འོངས་པའི་འཕེལ་ཕྱོགས་ཐད་ལྟ་ཚུལ་བཏོན་ཡོད་པ་དང་། ཁོང་གིས་གུང་ཁྲན་ཚོགས་པའི་ཚོགས་ཆེན ༡༩ པའི་རྗེས་ཀྱི་རྒྱ་ནག་གི་ཆབ་སྲིད་ཁོར་ཡུག་དང་། དཔལ་འབྱོར་འགྲན་སློང་། སྤྱི་ཚོགས་གནས་སྟངས། ཕྱི་འབྲེལ་སྲིད་ཇུས་སོགས་ཀྱི་ཐད་གཏམ་བཤད་གནང་ཡོད་པ་རེད།

གུང་ཁྲན་ཚོགས་པའི་ཚོགས་ཆེན ༡༩ པའི་རྗེས་ཀྱི་རྒྱ་ནག་གི་ཆབ་སྲིད་ཁོར་ཡུག་སྐོར་གླེང་དུས། ཨ་རིའི་རྗོར་རྗི་ཝ་ཞིན་ཊོན་སློབ་ཆེན(George Washington University)གྱི་ཆབ་སྲིད་རིག་པ་བ་དང་རྒྱལ་སྤྱིའི་འབྲེལ་བའི་དགེ་རྒན་ཆེན་མོ་སྐུ་ཞབས་ཞམ་བྷ་གྷི་ལགས་ཀྱིས་སྤྱི་བསྡོམས་ཤིག་བརྒྱབས་ཡོད་པ་འདི་ལྟར།
༡༽ ཞི་ཅིན་ཕེང་གི་དབང་ཆ་གཅིག་བསྡུས་ཡིན་པ་མང་དྲགས་པ།
༢༽ ཕ་དབང་ལམ་ལུགས། ཡང་ན་ཁྱིམ་བདག་ལམ་ལུགས་ཀྱི་རྣམ་པའི་དབང་བསྒྱུར་ལ་ཡང་བསྐྱར་གསོན་ཤུགས་རྒྱས་པ།
༣༽ གུང་ཁྲན་ཚོགས་པས་ཡོད་ཚད་ལ་དབང་བསྒྱུར་བྱེད་པ། གུང་ཁྲན་ཚོགས་པས་ཡོད་ཚད་ལ་དབུ་ཁྲིད་བྱེད་པ།
༤༽ འཇིགས་སྐྲག་གི་རིག་གནས་ཤིག་ཡོངས་སུ་ཁྱབ་པ། རུལ་སུངས་ལ་རྡུང་རྡེག་གི་ལས་འགུལ་གྱིས་ཆབ་སྲིད་ལམ་ལུགས་འཕེལ་རྒྱས་ཀྱི་རྒྱུན་བཅད་ནས་རེངས་པར་གྱུར་བ། ཆེད་མཁས་པའི་རྒྱལ་ཁབ་སྐྱོང་བའི་མ་དཔེ་ཞིག་ནས་སྦོ་ལུག་པ།
༥༽ ཆབ་སྲིད་བཅོས་བསྒྱུར་ལ་རེ་བ་སྤུ་རྩེ་ཙམ་ཡང་མེད་པ་དང་། གུང་ཁྲན་ཚོགས་པ་ནང་ཁུལ་དམངས་གཙོ་དང་འདེམས་བསྐོ་ཡི་གོ་ས་ཤོར་བ།
༦༽ མི་སེར་སྤྱི་ཚོགས་དང་། སྨྱན་བྱད། ཤེས་ལྡན་མི་སྣ། མཐོ་རིམ་སློབ་གསོར་དྲག་གནོན་གྱི་ཤེད་ཤུགས་ཇེ་ཆེར་ཕྱིན་པ།
༧༽ ས་གནས་སྲིད་གཞུང་གི་ཁྲིམས་མཐུན་རང་བཞིན་བརླག་པ།
༨༽ རྒྱ་ནག་གི་ཕྱུག་བདག་དང་འབྱོར་འབྲིང་གྲལ་རིམ་ཕྱིའི་རྒྱལ་ཁབ་ཁག་ཏུ་གནས་སྤོ་དང་རྒྱུ་ནོར་ཕྱི་རྒྱལ་ཁག་ཏུ་སྤོ་བ།

སྐུ་ཞབས་ཞམ་བྷ་གྷི་ལགས་ཀྱིས། གུང་ཁྲན་ཚོགས་པའི་ཚོགས་ཆེན ༡༩ པའི་རྗེས་སུ། རྒྱ་ནག་ཏུ་མའོ་ཙེ་ཏུང་དུས་སྐབས་ཀྱི་ཁྱིམ་བདག་གི་རྣམ་པའི་དབང་བསྒྱུར་ལམ་ལུགས་རོ་ལངས་བརྒྱབས་ཡོད་པ་དང་། དེ་རྒྱ་ནག་གི་འབྱུང་འགྱུར་འཕེལ་རྒྱས་ལ་ཕན་པ་མེད། རྒྱུ་མཚན་ནི་གུང་ཁྲན་ཚོགས་པ་དང་ལམ་ལུགས་གཉི་ཀ་ཆེས་མཐོ་དབུ་ཁྲིད་ལག་གི་དབང་བསྒྱུར་ལག་ཆར་གྱུར་བ་རེད།

འདས་པའི་ལོ་ངོ ༤༠འི་རིང་། རྒྱ་ནག་གི་དབུ་ཁྲིད་ཟུར་པ་ཏེང་ཞོ་ཕེང་དང་ཅང་ཙི་མིན། ཧོའུ་ཅིན་ཐའོ། ད་དུང་ཀྲའོ་ཙི་ཡང་དང་ཧོའུ་ཡོ་པང་གཉིས་ཐེ་བའི་དབུ་ཁྲིད་ཚོས་རྒྱ་ནག་གི་ཐུན་མོང་འགོ་ཁྲིད་ཀྱི་ལམ་ལུགས་ཞིག་སྟེ། ལམ་ལུགས་ཅན་གྱི་ཇུས་ཐག་གཅོད་པའི་སྒྲིག་སྲོལ་གསར་བ་ཞིག་གསར་གཏོད་དང་གཏན་འབེབས། ལག་བསྟར་བྱས་པ་རེད། འོན་ཀྱང་། ད་ལྟ་དབང་ཆ་ཡོངས་སུ་གཅིག་བསྡུས་བྱས་ནས་ཇུས་ཐག་གཅོད་པའི་སྒྲིག་སྲོལ་དེ་མཐར་དེད་ཡོད་ལ། ཆེད་མཁས་པའི་རྒྱལ་ཁབ་སྐྱོང་བའི་ངང་ཚུལ་དེ་ཡོལ་ནས་སླར་ཡོང་མེད། ཆབ་སྲིད་ཀྱི་ཆ་ནས་བཤད་ན། ཞི་ཅིན་ཕེང་གི་ད་ལྟའི་སྦྱོར་བ་དེ་ཕྱི་ནུར་ཞིག་ཡིན་པ་ལས་མདུན་སྐྱོད་ཅིག་མིན། ཞེས་བཤད་འདུག

ཡང་ཁོང་གིས་རུལ་སུངས་ལ་རྡུང་རྡེག་གི་ལས་འགུལ་གྱིས་རྒྱ་ནག་དམར་གཞུང་གི་ལམ་ལུགས་དེ་འཕེལ་རྒྱས་ཀྱི་རྒྱུན་ཆད་ནས་རེངས་པོར་གྱུར་ཚུལ་འདི་ལྟར་འགྲེལ་བརྗོད་བྱས་འདུག ཁོང་གིས་བཤད་རྒྱུར། རུལ་སུངས་ལ་རྡུང་རྡེག་བྱེད་རྒྱུའི་ལས་དེ་ནི་དོན་དག་ཡག་པོ་ཞིག་རེད། དགོས་ངེས་ཅན་ཞིག་ཀྱང་རེད། འོན་ཀྱང་། དཔོན་ངན་སྒྲིག་གཞི་ཧྲིལ་བོ་རུ། རྒྱལ་ཁབ་དང་ཚོགས་པ། དམག་དཔུང་སོགས་ཐེ་བའི་ཕྱོགས་ཐམས་ཅད་ལ་ནུས་པ་ལྡོག་ནས་ཐོན་ཡོད་ལ། དེ་ནི་འཇིགས་སྐྲག་གི་རིག་གནས་ཡིན།

ཉེ་ལམ་ངས་རྒྱ་ནག་ཧྲང་ཧེ་ནས་ཡོང་བའི་འཐུས་ཚབ་ཚོགས་པ་ཞིག་དང་མཉམ་དུ་གླེང་མོལ་བྱེད་སྐབས། ཁོང་ཚོས་ང་ལ་ཡོད་ཚད་ཆད་ནས་རེངས་པོར་གྱུར་ཡོད། ཚང་མས་མཚན་མོ་གློ་བུར་དུ་འཛིན་བཟུང་གིས་གཏན་ཁེལ་གཉིས༼   གཏན་ཁེལ་གྱི་ས་གནས། གཏན་ཁེལ་གྱི་དུས་ཡུན་རིང་། གྱོད་དོན་དང་འབྲེལ་བའི་གནས་ཚུལ་འབྲི་བ་དང་བཤད་པ༽  བྱས་ཡོང་སྙམ་པའི་འཇིགས་སྣང་གི་གཉིད་ཀྱང་ཁུག་དཀའ་ཅེས་བཤད་བྱུང་ཞེས་དང་། དེ་བཞིན་དུ་ཁོང་གིས་དམིགས་བསལ་ངང་བཤད་རྒྱུར། རྒྱལ་ཁབ་ཅིག་གི་ཤེས་ལྡན་མི་སྣ་ཚོས་རང་རང་སོ་སོའི་རྒྱུ་ནོར་དང་ནང་མི་སོགས་ཕྱི་རྒྱལ་ལ་གནས་སྤོ་བྱས་ཚེ། དེ་ནི་དཔལ་འབྱོར་གྱི་གནད་དོན་ཁོ་ན་ཙམ་མ་ཡིན་པར། དེ་ཡིས་ཆབ་སྲིད་ཀྱི་གནད་དོན་ཞིག་ཀྱང་མཚོན་ཡོད། ད་དུང་མཚོན་དོན་གཞན་ཞིག་ཡོད་པ་ནི་རང་གི་རྒྱལ་ཁབ་ཀྱི་ལམ་ལུགས་ཀྱི་མ་འོངས་པར་ཡིད་ཆེས་བརླག་པ་རེད། ཤེས་འཇོན་གཉིས་ལྡན་གྱི་མི་སྣ་དེ་དག་གི་ཁྲོད་གུང་ཁྲན་ཚོགས་པའི་ཚོགས་མི་ཡང་ཐེ་ཡོད། ཅེས་འགྲེལ་བརྗོད་གནང་འདུག

སྐུ་ཞབས་ཞམ་བྷ་གྷི་ལགས་ཀྱིས་གཏམ་བཤད་སྐབས་ཧ་ཅང་དཔྱད་རིན་ཅན་གྱི་ལྟ་བ་ཞིག་བཏོན་ཡོད་པ་ནི། རྒྱ་ནག་གི་ལོ་རྒྱུས་ལས་རྒྱ་ནག་གི་མ་འོངས་པར་ལྟ་རྒྱུ་དེ་རེད། ཁོང་གིས་རྒྱ་ནག་གི་རྒྱལ་རབས་རེ་རེའི་འཕོ་འགྱུར་དང་ཉམས་རྒུད་དུ་འགྲོ་རྐྱེན་དཔེ་རུ་དྲངས་པ་འདི་ལྟར།
གཅིག༽ ཚང་མར་སྒེར་གཅོད་དང་ཁེར་རྐྱང་དུ་ལུས་པའི་རྒྱལ་པོ་ཞིག་ཡོད།
གཉིས༽ ཕོ་བྲང་ནང་ཁུལ་གྱི་ཚོགས་ཤོག་གི་རྩོད་པ།
གསུམ༽ ཤེས་ལྡན་གྲལ་རིམ་རུལ་སུངས།
བཞི༽ འདུ་ཤེས་འཛིན་སྟངས་ཁོག་སྟོང་། མི་དམངས་དཀྱུས་མར་འབྲེལ་མེད་དོན་མེད་དུ་གྱུར་བ།
ལྔ༽ དཔལ་འབྱོར་རྙོག་འཛིང་ཆེ་བ།
དྲུག༽ མི་དམངས་ཡར་ལངས་དང་ངོ་རྒོལ་བསྟུད་མར་བྱུང་བ།
བདུན༽ རང་བྱུང་གི་གནོན་འཚེ།
བརྒྱད༽ མཐའ་མཚམས་དང་ཕྱིའི་གནོན་ཤུགས།
ངས་འདི་གར་བསྡོམས་ཚིག་བཀོད་འདོད་མེད། གསན་མཁན་ཚོ་རང་གིས་ཡིན་མིན་རྡར་ཤ་གཅོད་དགོས། སྔོན་འགྲོའི་རྒྱུ་རྐྱེན་འདི་དག་ལས་སྐོར་ཞིག་རྒྱ་ནག་ཏུ་བྱུང་ཟིན་པ་རེད། སྐོར་ཞིག་ད་དུང་བྱུང་མེད། ང་རྒྱ་ནག་འཐོར་ཞིག་སྨྲ་བ་མིན་ཞེས་སྐུ་ཞབས་ཞམ་བྷ་གྷི་ལགས་ཀྱིས་དམིགས་བསལ་ངང་ནན་གྱིས་བརྗོད་འདུག

༢༠༡༥ལོར་སྐུ་ཞབས་ཞམ་བྷ་གྷི་ལགས་ཀྱིས། ཨ་རིའི ༼   བོལ་སྲང་ལམ་ཉིན་རེའི་ཚགས་པར༽   སྟེང་ཁ་བྱང་ལ༼   འཐོར་ལ་ཞེ་བའི་རྒྱ་ནག༽   ཅེས་པའི་རྩོམ་ཡིག་སྤེལ་ནས། གུང་ཁྲན་ཚོགས་པའི་རྒྱ་ནག་གི་དབང་བསྒྱུར་དེ་རྫོགས་གྲབས་ཡོད་ཅེས་ཚོད་དཔག་བྱས་ཡོད་པ་རེད།

དེ་མིན་ད་དུང་སྐུ་ཞབས་ཞམ་བྷ་གྷི་ལགས་ཀྱིས་གཏམ་བཤད་སྐབས། དེང་གི་རྒྱ་ནག་འདི་དབང་ཤུགས་བཙན་པོའི་དབང་བསྒྱུར་གྱི་དུས་སྐབས་ཤིག་ན་ཡོད། ཅེས་བཤད་ཡོད་ལ།  ལོ་གཅིག་གི་ཡར་སྔོན། ཁོང་གི་བརྩམས་ཆོས༼   རྒྱ་ནག་གི་མ་འོངས་པ༽   ཞེས་པ་འགྲེམས་སྤེལ་མཛད་སྒོའི་སྐབས། ༢༠༠༩ ལོ་ནས་བཟུང་། ལྷག་པར་དུ ༢༠༡༢ ལོར་ཞི་ཅིན་ཕེང་གིས་དབང་ཆ་བཟུང་བ་ནས་བཟུང་། རྒྱ་ནག་གིས་བསྟུད་མར་དབང་ཤུགས་བཙན་པོའི་དབང་བསྒྱུར་བྱས་དང་བྱེད་ཀྱིན་ཡོད་ཅེས་དང།

ཡང་ཁོང་གིས། དབང་ཤུགས་བཙན་པོའི་དབང་བསྒྱུར་ཐད་ནས་གཞིགས་ན། རྒྱ་ནག་གི་མ་འོངས་པའི་འཕེལ་རྒྱས་ལ་ལམ་ཁ་མ་འདྲ་བ་བཞི་འབྱུང་སྲིད་པ་རེད། གཡོན་ཕྱོགས་ནས་ཕྱིར་ནུར་ནས་དབང་སྡེམ་རིང་ལུགས་ལ་ཞུགས་རྒྱུ། ད་ལྟའི་དབང་ཤུགས་བཙན་པོའི་དབང་བསྒྱུར་དེད་ནས་མུ་མཐུད་ནས་མདུན་དུ་བསྐྱོད་རྒྱུ། ༡༩༩༨ ལོ་ནས ༢༠༠༨ བར་གྱི་མཉེན་པའི་དབང་ཤུགས་རིང་ལུགས་སུ་ཕྱིར་ལོག་རྒྱུ། ཡང་ན། ཤེད་ཤུགས་ཆེན་པོས་བཅོས་བསྒྱུར་བྱས་ཏེ། གཡས་ཕྱོགས་སུ་འཁོར་ནས “སེངྒ་པོའི་མ་དཔེ ” སྟེ་ཕྱེད་དམངས་གཙོའི་སྤྱི་ཚོགས་སུ་ཕྱོགས་རྒྱུ། ཞེས་བཤད་འདུག

སྐུ་ཞབས་ཞམ་བྷ་གྷི་ལགས་ཀྱིས་དེ་སྔ། གལ་ཏེ་པེ་ཅིང་གཞུང་གིས་ཕྱེད་དམངས་གཙོའི་མ་དཔེ་ནང་འདྲེན་བྱས་ཚེ། རྒྱ་ནག་གི་བཅོས་སྒྱུར་ལེགས་པར་འགྲུབ་ངེས་ཡིན་ལ་ད་ལྟའི་རྣམ་པར་རྩ་བ་ནས་འགྱུར་ལྡོག་ཐེབས་ངེས་ཡིན་ཞེས་བཤད་པ་རེད། འོན་ཀྱང་། ཁོང་གིས་རྗང་ཧབ་ཁེང་སློབ་ཆེན་གྱི་གཏམ་བཤད་སྐབས། ཞི་ཅིན་ཕེང་གིས་དབང་ཆ་གཅིག་བསྡུས་བྱས་རྗེས་ཆུད་པ་དང་ཡངས་པའི་སྤྱི་ཚོགས་ཤིག་ཏུ་ཕྱོགས་མིན་ལ་ང་དོགས་པ་ཡོད། ཅེས་བརྗོད་ཡོད་པ་རེད།

Advertisements