ཞིན་ཅང་ན་འཇིགས་སྐུལ་རིང་ལུགས་པ་མེད།

201504111130china1
པར་འདི་པོའོ་ཞོན་དྲྭ་ཚུགས་ནས་བླངས་ནས། བརྡ་སྦྱོར་དེའི་གཞི་འཛིན་ས་ཀོང་ཞི་ཞིང་ཆེན་སྤྱི་བདེ་ལས་ཁང་གི་བཀྲམས་པའི་འཇིགས་སྐུལ་བར་དོགས་ཟོན་བྱེད་ཕྱོགས་ཐད་གྱི་བརྡ་སྦྱོར་རེད།

རྒྱ་གཞུང་གི་འཇིགས་སྐུལ་རང་ལུགས་པར་དོགས་ཟོན་བྱེད་ཕྱོགས་ཀྱི་བརྡ་ཁྱབ་ནང་དོགས་པ་ཅན་ཡུ་གུར་བ་མཐོང་ཚེ་བདེ་སྲུང་མི་སྣར་ཡར་ཞུ་བྱེད་དགོས་ཞེས་བཀོད་ཡོད་པར་གཞིགས་ན། རྒྱ་ནག་པས་ཡུ་གུར་མི་རིགས་ཧྲིལ་བོ་འཇིགས་སྐུལ་རིང་ལུགས་པར་ངོས་འཛིན་བྱས་ཡོད་པ་འདྲ།
དེ་ཡང་པོའོ་ཞོན་དྲྭ་ཚུགས་སུ་བཀོད་པའི་གནས་ཚུལ་ལྟར་ན། རྒྱ་ནག་ཀོང་ཞི་ཞིང་ཆེན་ཉེན་རྟོག་ལས་ཁང་གིས་བཀྲམས་པའི་བརྡ་སྦྱོར་ནང་། ཡུ་གུར་བ་ཡོད་ཚད་འཇིགས་སྐུལ་རིང་ལུགས་པར་ངོས་འཛིན་བྱས་ཏེ་གདོང་ལེན་བྱས་ཡོད་པ་དང་། ཡུ་གུར་བ་ཡོད་ཚད་གང་ནས་མཐོང་ན་མི་ལ་པར་ལེན་དགོས་པ་དང་། འདུག་ན་ཐོ་འགོད་བྱེད་དགོས་པའི་དམིགས་བསལ་བྱེད་ཐབས་ཤིག་ལག་བསྟར་བྱས་ཡོད་པས། མུ་མཐུད་ཀློག

ཁ་སྤུ་ལ་བཙོན་འཇུག་ཁྲིམས་ཐག་བཅད་པ།

280px-96935
ཡུ་གུར་བའི་རྒད་པོ་ལོ་ལོན་གཉིས།

ཕྱི་ཟླ ༣ ཚེས ༢༩འི་ཉིན། ༼རྒྱ་ནག་ན་གཞོན་ཚགས་པར༽གྱིས་དངོས་བྱུང་གནས་ཚུལ་ཞིག་སྤེལ་ཡོད།  གནས་ཚུལ་དེ་ལྟར་ན། ལོ་ན ༣༨ ཅན་གྱི་ཡུ་གུར་བ་མེ་མེ་ཏི་མེང་གིས་ཁ་སྤུ་ཆེན་པོ་བཞག་པར་བསྙད་ནས་ལོ ༦ གི་བཙོན་འཇུག་ཁྲིམས་ཐག་བཅད་པ་དང་། མུ་མཐུད་ཀློག

རྒྱ་ནག“ཞིག”ཀྱང་མི“འཐོར”།

FILES-CHINA-POLITICS-RIGHTS-TIANANMEN
༡༩༨༩ལོར་པེ་ཅིང་གནམ་བདེ་སྒོ་མོ་ཆེ་ཐང་ཆེན་དུ་ལངས་པའི་སློབ་མའི་དམངས་གཙོའི་ལས་འགུལ་གྱི་རྣམ་པ།

རྒྱ་ནག་འཐོར་ཞིག་གི་ལུང་བསྟན་དེ་ཁ་སང་དེ་རིང་གསར་ཏུ་བྱུང་བ་ཞིག་མིན། མ་མཐའ་ཡང་གྱ་དགུ་ལོའི་གནམ་བདེ་སྒོ་མོའི་ཆེ་སློབ་མའི་དམངས་གཙོའི་ལས་འགུལ་གྱི་རྗེས་སུ་བྱུང་བ་ཞིག་ཡིན་ཞིང་། དོན་རྐྱེན་དེའི་རྗེས་སུ་རྒྱ་བོད་ཕྱི་གསུམ་གྱི“ལུང་སྟོན་པ”རྣམས་ཀྱིས་མངོན་ཤེས་རིག་འདེད་ཀྱི་ཚུལ་གྱིས་རྒྱ་ནག་འཐོར་ཞིག་ལ་འགྲོ་བའི་དུས་ཚོད་ཁ་ཚོད་བཅད་ནས་ལུང་བསྟན་གནང་ཡོད་མོད། ལུང་བསྟན་དེ་དག་ཁ་ཐོག་དོན་ཐོག་ལ་སོང་མེད་པ་མ་ཟད། རྒྱ་ནག་ལོ་རེ་བསྡད་པའི་ཇེ་བརྟན་གྱི་ནམ་པ་ཤར་ཡོད།    མུ་མཐུད་ཀློག

ཀྲུའུ་ཝེ་ཆོན:“མི་ལ་མགོ་སྐོར་གཏོང་སྤྱད་དབུ་མའི་ལམ”།

Screen Shot 2015-03-16 at 9.48.23
རྒྱ་ནག་སྲིད་གྲོས་ཀྱི་ཚོགས་གཞོན། མི་རིགས་ཆོས་ལུགས་ལས་ཁང་གི་འགན་འཛིན་ཀྲུའུ་ཝེ་ཆོན།

ཁ་བྲལ་ངོ་རྒོལ་གྱི་ཟ་མ་ཟ་མཁན་རྒྱ་གཞུང་གི་དཔོན་ངན་ཁེ་བཟང་ཤོག་ཁག་ལ་མཚོན་ན། བོད་དོན་ནི་དབང་ཆ་ཡིན་ལ་གོ་ས་ཡིན། རྒྱུ་ནོར་ཡིན་ལ། མ་ཁུངས་ཀྱང་ཡིན། ཕོན་ཆེ་བའི་ཁེ་བཟང་ཤོག་ཁག་དེའི་གྲལ་མགོ་ན་ཀྲུའུ་ཝེ་ཆོན་གྱི་རིགས་དག་གིས་བཏང་འཛིན་བྱས་ཡོད་པས། བོད་དོན་ཐག་གཅོད་ཀྱི་འགག་རྩ་གཙོ་བོ་ནི་ཁ་བྲལ་ངོ་རྒོལ་གྱི་ཟ་མ་ཟ་མཁན་ཞིང་ཆེན་དང་ལྷན་ཁང་རིམ་པའི་ལས་ཁུངས་ཉི་ཤུ་ལྷག་ཡོད་པ་དེ་ཡིན། མུ་མཐུད་ཀློག

དམག་གིས་བསྐོར་བའི་མེ་ཏོག་མཆོད་མཇལ།

Screen Shot 2015-03-09 at 10.12.17
རྗེ་སྐུ་འབུམ་དགོན་པའི་ལོ་འཁོར་མེ་ཏོག་མཆོད་མཇལ་ཉིན་བུའོ་བཟུང་མདའ་དེད་ཨང་གསར་ཡིན་པའི་རྒྱ་གཞུང་གི་དྲག་ཆས་ཉེན་རྟོག་དམག་མི།

རྒྱལ་ལོའི་སྨོན་ལམ་གྱི་ཉིན་མོར་རྗེ་སྐུ་འབུམ་དགོན་པས་སྲོལ་རྒྱུན་ལྟར་མེ་ཏོག་མཆོད་མཇལ་འགྲེམས་སྟོན་གནང་ཡོད་པ་དང་། རྒྱ་གཞུང་གིས་དམག་མི་འབོར་ཆེན་མངགས་ནས་ལྟ་སྲུང་ནན་མོ་བྱས་ཡོད་འདུག མུ་མཐུད་ཀློག

བོད་ཀྱི་མོན་རྟ་དབང་། རྒྱ་གར་གྱི་ཨཱ་རུ་ན་ཅོལ།

images
ཁ་དོག་དམར་པོ་དེ་མ་ཁེ མོ་ཧན་ས་ཐིག་ཟེར་བ་དེ་རེད། ལྗང་མདོག་ཅན་གྱི་ས་ཆ་དེ་ནི་མོན་རྟ་དབང་རེད།

རྒྱ་ནག་གཞུང་གིས་རྒྱ་གར་སྲིད་བློན་མའོ་དྷེ་རྩོད་གཞི་ཡོད་པའི་བོད་དང་རྒྱ་གར་གྱི་ས་མཚམས་ཁུལ་དུ་གཟིགས་སྐོར་ལ་ཕེབས་པར་ངོ་རྒོལ་དྲག་པོ་བྱས་ཡོད་པ་དང་། རྒྱ་ནག་གཞུང་གིས་རྒྱ་གར་གྱི་བྱ་སྤྱོད་དེ་ས་མཚམས་ཀྱི་གནད་དོན་འོས་འཚམས་ངང་ཐག་གཅོད་བྱ་རྒྱུ་དང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ལ་གནོད་པ་ཡོད་ལུགས་བརྗོད་འདུག མུ་མཐུད་ཀློག

ཉེན་རྟོག་པ་བཞི་བསད་འདུག

Armed Chinese soldiers march on patrol a
ཡུ་གུར་བའི་རྒྱལ་ས་ཨོ་རམ་ཆིར་རྒྱ་དམག་གིས་སྐོར་སྐྱོད་བྱེད་ཀྱིན་པ།

ཞིན་ཅང་ཨག་སོའུ་པེ་ཁྲིན་རྫོང་དུ་དྲག་པོའི་འཇབ་རྒོལ་དོན་རྐྱེན་ཞིག་བྱུང་ནས་ཉུང་མཐའ་ཡང་མི ༡༧ རྐྱེན་འདས་སུ་ཕྱིན་འདུག མུ་མཐུད་ཀློག

སྒྱུ་རྩལ་དང་ལིའུ་ཞ།

ajax513a92755b56c
ནོ་བྷེལ་ཞི་བདེའི་གཟེངས་ཐོབ་མཁན་རྒྱ་རིགས་ལིའུ་ཞོ་པོ་ཡི་གཟའ་ཟླ་ལིའུ་ཞ།

ཉེ་ཆར། རྒྱ་རིགས་སྒྱུ་རྩལ་བ་ལྕམ་ལིའུ་ཞ་ཡི་བརྩམས་ཆས་འཇར་མན་གྱི་གྲོང་ཁྱེར་བྷོར་ལེན་དུ་འགྲེམས་སྟོན་གནང་པ་དང་།  པར་རིས་དེ་དག་གིས་བཙོན་འོག་ན་ཡོད་པའི་ནོ་བྷེལ་ཞི་བདེའི་གཟེངས་རྟགས་ཐོབ་མཁན་ཞིག་གི་གཟའ་ཟླའི་འཚོ་བའི་འཇིགས་སྐུལ་དང་དངངས་སྐྲག་མཚོན་ཡོད། མུ་མཐུད་ཀློག

དྷ་རམ་ས་ལ།

Dharamsala-1
དྷ་སའི་མཛེས་ལྗོངས་ཀྱི་ཟུར་གཅིག

༡༽དྷ་རམ་ས་ལ།
དྷ་རམ་ས་ལ་ནི་བཙན་བྱོལ་བོད་གཞུང་གི་བསྟི་གནས་དང་། ༧སྤྱི་ནོར༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་བཞུགས་སྒར། བོད་མི་སྐྱབས་བཅོལ་བའི་གནས་ཚང་། གཞིས་བཞུགས་བོད་མི་ས་ཡ་དྲུག་གི་རེ་གནས། བོད་རྒྱལ་ཁབ་སླར་གསོའི་ལས་འགུལ་གྱི་རྟེན་གཞི་བཅས་ཡིན། མུ་མཐུད་ཀློག

ཆེ་བསྟོད་དེ་ཆེ་བསྟོད་ཙམ་མིན།

The Dalai Lama waves towards the head table, where U.S. President Barack Obama was seated, during the National Prayer Breakfast in Washington
༧གོང་ས་མཆོག་ཨ་རིའི་རྒྱལ་ཡོངས་ཞོགས་ཇའི་གསོལ་འདེབས་ལྷན་ཚོགས་སྟེང་།

ཕྱི་ལོ ༢༠༡༥ཟླ ༢ ཚེས ༥། རེས་གཟའ་ཕུར་བུའི་ཉིན། ཨ་རིའི་རྒྱལ་ས་ཝ་ཞིན་ཊིན་དུ་མངོན་པར་མཐོར་བཏགས་ཀྱི་ལོ་འཁོར་རྒྱལ་ཡོངས་ཞོགས་ཇའི་སྨོན་ལམ་ལྷན་ཚོགས་སྟེང་། སྲིད་འཛིན་ཨོ་བྷ་མ་མཆོག་གིས༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་ཆེ་བསྟོད་གནང་བ་ལས། དངོས་སུ་མཇལ་འཕྲད་གནང་མེད། དེ་འདྲའི་བཀོད་སྒྲིག་ནི་རྒྱ་ནག་དང་ཨ་རིའི་འབྲེལ་བར་འགལ་ཟླ་ཆེར་མི་ལྷགས་པ་བྱས་པར་ངོས་འཛིན་བྱས་ཆོག མུ་མཐུད་ཀློག