བོད་མི་གཉིས་དང་བོད་ཡིག་གསུམ།

index
ཆོས་དབྱིངས་སྐྱིད་དང་སྟོབས་རྒྱལ།

བོད་མི་གཉིས་རྒྱལ་སྤྱིའི་ཨོ་རྩལ་ནང་ཞུགས་པ་དེ་བོད་ཀྱི་ལོ་རྒྱུས་སུ་ཐོག་མ་དེ་ཡིན་ལ་བོད་མའི་གཟི་བརྗིད་ཅིག་ཀྱང་ཅི་ལ་མིན།

མུ་མཐུད་ཀློག

གངས་རིའི་བུ་མོ་ཆོས་དབྱིངས་སྐྱིད།

images
ཆོས་དབྱིངས་སྐྱིད་དང་འདུར་རྒྱུག ད་དུང་འཛུམ་ཆུང་།

ལྷོ་ཨ་མེ་རི་ཀའི་བྷར་ཛིལ(Brazil)རྒྱལ་ཁབ་ཏུ་ཚོགས་བཞིན་པའི་རྒྱལ་སྤྱིའི་ཨོ་རྩལ་འགྲན་ཚོགས་ཐེངས ༣༡ པའི་ཉིན ༡༣ པར་འགྲན་པའི་སྤྱི་ལེ ༢༠ ཅན་གྱི་སྐྱེས་མའི་འདུར་རྒྱུག་ཁྲོད་བོད་པའི་བུ་མོ་ཆོས་དབྱིངས་སྐྱིད་ལགས་ལ་ཨང་ལྔ་པ་ཐོབ་ཡོད་པ་རེད། མུ་མཐུད་ཀློག

མ་མཐའི་ཚད་ཐིག་མེད་པའི་རྒྱ་ནག་གི་གསང་མྱུལ་ལས་གཞི།

chinese_s_1446456122.jpg
པར་གཞན་ལས་བཤུས།

རྒྱ་ནག་གི་གསང་མྱུལ་ལས་གཞི་ཡིས་སྤྱིར་ན་རྒྱལ་ཁབ་བདེ་འཇགས་དང་། ནང་སྒོས་སུ་དཔལ་འབྱོར་གྱི་ཆ་ནས་ཨ་རི་དང་ནུབ་ཕྱོགས་རྒྱལ་ཁབ་ཁག་གཏུབས་ནས་གསོད་ཀྱིན་ཡོད་ཅེས་ཨ་རིའི་དྲྭ་རྒྱ་བདེ་འཇགས་རིག་མཛོད་ཅིག་གིས་བཏོན་པའི་སྙན་ཐོའི་ནང་བཀོད་འདུག མུ་མཐུད་ཀློག

ཨ་རིའི་སྟོབས་ཤུགས་ཆེ་དྲགས་ནས། རྒྱ་ནག་སིལ་བར་གཏོར་ལ་ཁལ།

Screen Shot 2016-08-05 at 13.52.31.png
བརྙན་ཐུང་ནང་བོད་ཁ་བྲལ་བ་གླེང་དུས་ཀྱི་རྒྱབ་ལྗོངས་བརྙན་པར།

རྔམ་བརྗིང་ཆེ་ཞིང་གཏིང་ཟབ་པའི་རབ་འདེགས་རོལ་མོ་དེ་དང་མཉམ་དུ་ཞིབ་མོ་བློ་ཡིས་བྲིས་པའི་ཡི་གེའི་འགྲེལ་བཤད་ལས་སྐད་ཆ་མེད་པའི་བརྙན་ཐུང་ཞིག་སྟེ།  རྩ་བའི་ཆ་ནས་དེ་ནི་རྒྱ་གཞུང་གི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་བརྙན་ཐུང (https://www.youtube.com/watch?v=ooFeM-0-DWYབརྙན་ཐུང་དེར་གཟིགས་འདོད་ཡོད་ན་འབྲེལ་ཐག་འདི་ནས་གཟིགས་རོགས) ཞིག་རེད། འདི་ལྟ་བུའི་བརྙན་ཐུང་རིགས་ན་ནིང་དོ་ཚུགས་བསྟུད་མར་བྱུང་དང་འབྱུང་གིན་པས། ཚོར་སྣང་ལ་རྒྱ་ནག་དེང་གཞུང་གི་དྲིལ་བསྒྲགས་བྱེད་ཐབས་ཀྱང་དུས་རབས་ཀྱི་འགྱུར་ལྡོག་གི་འགྲོས་ལ་བསྟུན་ནས་གསར་བརྗེ་བྱེད་ཀྱིན་ཡོད་པ་འདྲ། མུ་མཐུད་ཀློག

རྒྱ་གཞུང་ཐ་གཞུང་། འཇིགས་སྐུལ་དྲག་གཞུང་།

taliban-fighters-rocket-launcher-ap-640x480
ཐ་ལེ་པན་གྱི་ཡུལ་དམག་གཉིས།

ཐ་ལེ་པན་གྱི་སྐུ་ཚབ་ཚོགས་པ་ཞིག་སྤྱི་ཟླ ༧ ཚེས ༡༨ ནས ༢༢ བར་རྒྱ་ནག་པེ་ཅིང་ལ་འཚམས་གཟིགས་སུ་ཕེབས་ཡོད་ལུགས་ཐལ་དྲགས་ཨེ་སི་ལམ་ཁ་ཆེ་སྒྲིག་འཛུགས་ཐེ་ལེ་པན་གྱི་ནང་ཁུལ་གྱི་མི་སྣ་ཞིག་གིས་བརྗོད་འདུག མུ་མཐུད་ཀློག