ཡེ་ཞོ་ཝེན་ངང་ཚུལ་ལ་དགག་རྒྱག

—-ཡེ་ཞོ་ཝེན་གྱི “བླ་མའི་ཡང་སྲིད ” ལའང་རྫུན་རྡེག་བྱེད་དགོས་ཞེས་པ་གླེང་བ།

རྩོམ་མཁན། འཇམ་དཔལ་རྒྱ་མཚོ།
བོད་འགྱུར། འབྲོག་མྱི།

20110720 降边嘉措
སྐུ་ཞབས་འཇམ་དཔལ་རྒྱ་མཚོ།

        བླ་སྤྲུལ་ལ་རྫུན་རྡེག་བྱེད་དགོས་ན། ངེས་པར་དུ་ཡེ་ཞོ་ཝེན་གྱི་སྐྱོན་ཆར་སུན་འབྱིན་དང་དགག་རྒྱག་ནས་མགོ་རྩོམ་དགོས།

        སྤྱི་ལོ ༢༠༡༥ ཟླ ༡༢ ཚེས ༡༢ཉིན། ཡེ་ཞོ་ཝེན(叶小文)གྱིས་ཁ་བྱང་ལ ༼“བླ་མའི་ཡང་སྲིད”ལའང་རྫུན་རྡེག་བྱེད་དགོས༽ ཞེས་པའི་གླེང་མོལ་སྤེལ་རྗེས། རྒྱལ་ནང་གི་གསར་འགྱུར་སྨྱན་བྱད་ཁག་གིས་གནམ་ས་ཁེངས་པའི་བརྒྱུད་སྤེལ་བྱས་འདུག
བློ་མཐུན་ཡེ་ཞོ་ཝེན་གྱིས་གླེང་མོལ་གྱིས་མགོ་བརྩམས་མ་ཐག“སེམས་གྱ་མ་གྱུ་ཡི་མི་དག་གིས་བླ་སྤྲུལ་གྱི་ཕྱི་ཚུལ་སྤྱད་ནས་ཧམ་ལེན་བྱེད་འདོད་ཀྱི་བློ་སྐྱེས་ཡོད་ལ། རྫུན་མས་ངོ་མར་རྫུ་འདོད་དང་། རྫུན་མས་ངོ་མ་དཀྲུག་འདོད་ཀྱང་ཡིན། ཉེ་ལམ་བྱུང་བའི་འཁྲབ་སྟོན་པ་ཀྲང་ཐེ་ལེན་གྱི༼ ཁྲི་འདོན༽ཟེར་བའི་དགོད་བྲོ་བའི་བྱ་སྤྱོད་དེས་འདས་པའི་ལོ་ཤས་སུ་བླ་སྤྲུལ་རྫུན་མ་སྐོར་ཞིག་གིས་མགོ་གཡོག་མགོ་སྐོར་གྱི་ཚུལ་མིན་ལོག་སྤྱོད་དམར་རྗེན་དུ་བཏོན་ཡོད”། ཅེས་བཟླས་འདུག མུ་མཐུད་ཀློག

ཐེ་ཝན་ལོ་རྒྱུས་སྟེང་གི་བུད་མེད་སྲིད་འཛིན་ཐོག་མ་ལྕམ་ཚེ་ཡིན་ཝེན།

Screen Shot 2016-01-16 at 18.47.30
ལྕམ་ཚེ་ཡིན་ཝེན་བོད་དོན་ལས་འགུལ་ནང་མཉམ་ཞུགས་གནང་བའི་ཚུལ།

སྤྱི་ལོ ༢༠༡༦ ཟླ ༡ ཚེས ༡༦ རེས་གཟའ་སྤེན་པའི་ཉིན། ཐེ་ཝན་གྱིས་སྐབས་བཞི་བའི་སྲིད་འཛིན་འོས་བསྡུ་ཆེན་མོ་སྤེལ་ཡོད་པ་དང་། ལྕམ་ཚེ་ཡིན་ཝེན་ལགས་མི་རྣམས་པའི་ཚོད་དཔག་བྱས་པ་ཇི་བཞིན་འོས་ཤོག་ས་ཡ་དྲུག་ལྷག་ཐོབ་ཏེ་སླ་བོའི་ངང་ཐེ་ཝན་གྱི་སྐབས་བཞི་བའི་སྲིད་འཛིན་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ་ནས། ཐེ་ཝན་ལོ་རྒྱུས་སྟེང་གི་བུད་མེད་སྲིད་འཛིན་ཐོག་མ་དང་། ཐེ་ཝན་དམངས་གཙོ་ཡར་ཐོན་ཚོགས་པའི་སྲིད་འཛིན་གཉིས་པར་གྱུར་ཞིང་། ཐེ་ཝན་གྱི་སྐབས་གསུམ་པའི་སྲིད་ཚོགས་རེས་མོས་ཀྱི་འཕེལ་རིམ་དེ་བདེ་ལེགས་ངང་འགྲུབ་པ་དང་ཆབས་ཅིག ཐེ་ཝན་གྱི་སྲིད་འཛིན་ཐད་ཀར་འདེམས་པའི་སྲོལ་ཚུགས་པ་ནས་བཟུང་བའི་སྲིད་འཛིན་ཨང་བཞི་པ་དེ་ཆགས་པ་རེད། མུ་མཐུད་ཀློག

བློ་མཐུན་ཀྲུའུ་ཝེ་ཆོན་གྱིས་སྐད་ཆ་གསལ་པོ་ཤོད་དགོས།

—–ཀྲུའུ་ཝེ་ཆོན་གྱི་དབུས་བརྙན་འཕྲིན་ཁང་གི་གསར་འགོད་པར་གནང་བའི་གཏམ་བཤད་སྐོར་གླེང་བ།
རྩོམ་མཁན། འཇམ་དཔལ་རྒྱ་མཚོ།

བོད་འགྱུར། འབྲོག་མྱི།

201512219422
ཧོང་ཀོང་དུ་སྤེལ་བའི་ཀྲང་ཐེ་ལེན”ཁྲི་འདོན”ཟེར་བའི་སྐབས་ཀྱི་པར་ཞིག སྐུ་སྟེང་གི་མི་དེ “ཆོས་རྒྱལ”པདྨ་འོད་གསལ་ཟེར་བའི་རྒྱ་མི་བུའོ་ཏ་རོང་རེད། ཐར་མོ་སྦྱར་ནས་གུས་ཞབས་ཞུ་མཁན་དེ་འཁྲབ་སྟོན་པ་ཀྲང་ཐེ་ལེན་རེད།

བློ་མཐུན་ཀྲུའུ་ཝེ་ཆོན་ལགས་ཀྱིས་དབུས་བརྙན་འཕྲིན་ཁང་གི་གསར་འགོད་པའི་བཅར་འདྲི་སྐབས། ཀྲང་ཐེ་ལེན “ཁྲི་འདོན”ཟེར་བའི་དོན་དག་ཐད་དཔྱད་གླེང་བྱས་ཡོད་པ་དང་། གསར་འགྱུར་སྨྱན་བྱད་ཆེ་གྲས་ཁག་གིས་ཁ་བྱང་ལ༼རྒྱལ་ཡོངས་སྲིད་གྲོས་ཆོས་ལུགས་དང་མི་རིགས་ལྷན་ཁང་གི་འགན་འཛིན:བླ་སྤྲུལ་རྫུན་མའི་སྣང་ཚུལ་གྱིས་གཅིག་བགྱིས་ན་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོན་འཚེ་བཟོ་སྲིད༽ཅེས་སྦྱར་ནས། གཞི་རྒྱ་ཆེན་པོས་བསྒྲགས་སྤེལ་བྱས་འདུག མུ་མཐུད་ཀློག