ཕྱེད་ཀ་ལས་མང་པའི་ཐེ་ཝན་མང་ཚོགས་ཐེ་ཝན་རང་བཙན་ལ་ཕྱོགས་པ།

Taiwan-Sunflower-Revolt-holding-legislature
༢༠༡༤ལོར་ལངས་པའི་མེ་ཏོག་ཉི་མ་ལོག་གསར་བརྗེའི་སྐབས་ངོ་རྒོལ་བས་ཐེ་ཝན་གྲོས་ཚོགས་བཙན་འཛིན་བྱས་པའི་རྣམ་པ།

རྒྱ་ནག་རྒྱལ་སྲིད་སྤྱི་ཁྱབ་ལྷན་ཁང་ཐེ་ཝན་ལས་དོན་གཞུང་སྒྲུབ་ཁང་གི་འགན་འཛིན་ཀྲང་ཀྲི་ཇུན་གྱིས་ཉེན་ཤས་གོང་དུ “ གལ་ཏེ་ཐེ་ཝན་གྱི་འཕེལ་ཕྱོགས་དེ་རང་བཙན་ལ་ཕྱོགས་ཚེ་ཤི་ལམ་ལས་མེད ” ཅེས་ཉེན་བརྡ་བཏང་ཡོད་པ་རེད། ཡིན་ན་ཡང་། ཐེ་ཝན་གྱི་མང་ཚོགས་འདོད་བློ་བརྟག་དཔྱད་ཐེབས་རྩ་ཁང་གིས་ཉེ་ཆར་བླངས་པའི་ཐེ་ཝན་མང་ཚོགས་ཀྱི་འདོད་བློ་བརྟག་དཔྱད་ལྟར་ན། ཕྱེད་ཀ་ལས་མང་པའི་ཐེ་ཝན་མང་ཚོགས་ཀྱིས་ཐེ་ཝན་རང་བཙན་བྱ་རྒྱུར་འདོད་མོས་ཡོད་པ་དང་། མང་ཚོགས་ཀྱི་བཞི་ཆའི་གཅིག་གིས་ད་ལྟའི་གནས་སྟངས་སོར་འཇོག་བྱེད་འདོད་ཡོད་པ་རེད། མུ་མཐུད་ཀློག

Advertisements